བདེ་ཆེན་དུ་དབྱར་རྩྭ་དགུན་འབུ་བརྐོ་བའི་དུས་ཚིགས་སུ་སླེབས་ཡོད་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-06-21   རྩོམ་ཁུངས།    འཇོལ་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།

   ལོ་རེའི་ཟླ་5པའི་ཟླ་དཀྱིལ་ནས་ཟླ་6པའི་ཟླ་དཀྱིལ་བར་ནི་དབྱར་རྩྭ་དགུན་འབུ་བརྐོ་བའི་དུས་ཚིགས་ཡིན། ད་ཆ་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འཇོལ་རྫོང་གཡག་རྭ་ཤང་འབུམ་སྟེང་གྲོང་ཚོའི་གྲོང་མི་ཚོ་གཅིག་རྗེས་གཉིས་མཐུད་ངང་རི་ལ་བསྐྱོད་དེ་དབྱར་རྩྭ་དགུན་འབུ་བརྐོ་བའི་ལས་ལ་བྲེལ་བཞིན་ཡོད།  མི་ཚང་མས་དབྱར་རྩྭ་དགུན་འབུ་བརྐོས་རྗེས་རྩྭ་ཤུན་ཕྱིར་བཀབ་ནས་ཅི་ནུས་ཀྱིས་སྣོད་བཅུད་ལ་གཏོར་བཤིག་ཐེབས་ཐངས་ཇེ་ཉུང་དུ་གཏོང་གང་ཐུབ་བྱེད་ཀྱི་ཡོད།