ལྷ་སར་སྐབས་དང་པོའི་གཡག་རྒྱུག་འགྲན་བསྡུར་གཉེར་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-06-25   རྩོམ་ཁུངས།    ཀྲུང་གོའི་བོད་ལྗོངས་དྲ་བ།

        ཟླ6པའི་ཚེས22ཉིན་གྱི་སྔ་དྲོ། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་ཤིང་། ལྷ་ས་གྲོང་ཁྱེར་ལུས་རྩལ་ཅུས་དང་ལྷ་ས་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས(གྲོང་གསེབ་དར་རྒྱས་ཅུས)ཀྱིས་སྒྲུབ་འགན་འཁུར་བའི་ལྷ་ས་ཞིང་འབྲོག་མང་ཚོགས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་ལུས་རྩལ་ཐང་དུ་འགོ་ཚུགས་པ་རེད། ཚེས23ཉིན་གྱི་ཕྱི་དྲོར། གཡག་རྒྱུག་འགྲན་བསྡུར་གྱི་གྲ་སྒྲིག་འགྲན་བསྡུར་དང་རྟིང་རྩོད་འགྲན་བསྡུར་གཉིས་རྟ་རྒྱུག་ཐང་དུ་གཉེར་ཞིང་། འགྲན་བསྡུར་ཡུལ་དངོས་སུ་འཁྲུག་ཆ་དོད་པ་དང་དགའ་འབོད་ཀྱི་སྒྲ་མཚམས་མི་ཆད་པར་གྲགས། གཡག་རྒྱུག་འགྲན་བསྡུར་ནི་བོད་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རྣམ་གྲངས་ཤིག་ཡིན་པ་དང་། ཉམས་མྱོང་ཕུན་སུམ་ཚོགས་པའི་འབྲོག་པས་གཡག་གི་བང་རྩལ་འགྲན་པའི་ལུས་རྩལ་ཞིག་རེད། འགྲན་བསྡུར་བྱེད་སྐབས་འབྲོག་པ་ཚོ་འགོ་ཐིག་ཏུ་བསྡད་ནས་རྒྱུག་བརྡ་བཏང་རྗེས་གཡག་ལ་ཁ་ལོ་གཅུན་ཏེ་སྔོན་ལ་མཇུག་ཐིག་ཏུ་སླེབས་མཁན་རྒྱལ་བར་བརྩི་བཞིན་ཡོད།

གཡག་རྒྱུག་འགྲན་བསྡུར་གྱི་ཡུལ་དངོས།

གཡག་རྒྱུག་འགྲན་བསྡུར་གྱི་ཡུལ་དངོས།

གཡག་རྒྱུག་འགྲན་བསྡུར་གྱི་ཡུལ་དངོས།

གཡག་རྒྱུག་འགྲན་བསྡུར་ལ་ལྟ་མཁན།