སེམས་ཀྱི་ཉི་ཟླ་གདོང་ལེན་དཔེ་དེབ་ཁང་དངོས་སུ་སྒོ་ཕྱེ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-06-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་6པའི་ཚེས་22ཉིན་སེམས་ཀྱི་ཉི་ཟླ་གདོང་ལེན་དཔེ་དེབ་ཁང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གྲོང་རྡལ་མཉམ་འབྲེལ་གྲོང་ཚོའི་འོག་ཀོར་གྲོང་མི་ཚོ་ཆུང་དུ་སྒོ་ཕྱེ་བ་རེད།    

        སེམས་ཀྱི་ཉི་ཟླ་གདོང་ལེན་དཔེ་དེབ་ཁང་ནི་ཡུལ་བབ་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པ་དང་། དེང་རབས་ཀྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཕུགས་བསམ་དང་། ས་མཐོའི་ས་ཁོངས་ཀྱི་རྣམ་པ། རིག་གནས་ཡུལ་སྐོར་གྱི་འདུ་ཤེས་གསར་གཏོད་བཅས་ཀྱི་རིག་གནས་ཡུལ་སྐོར་གྱི་རྟགས་མཚན་གསར་པ་ཞིག་གཏོད་རྒྱུར་གཞོལ་ནས་སེམས་ཀྱི་ཉི་ཟླའི་མཛེས་སྡུག་ལྡན་པའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་རྣམ་པ་མངོན་པ་དང་། ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཁྱབ་སྤེལ། དེང་རབས་ཤེས་དཔལ་མཉམ་འདྲེས་བཅས་བྱེད་པའི་རིག་གནས་ཀྱི་མགྲོན་ཁང་ཞིག་ཏུ་གྱུར་ཡོད།

        ཤེས་རྟོགས་བྱུང་བར་གཞིགས་ན། དཔེ་དེབ་ཁང་དེའི་ལས་གཉེར་དུས་ཚོད་ནི་ཉིན་རེའི་ཆུ་ཚོད་10པ་ནས་18པའི་བར་ཡིན་ལ། དཔེ་དེབ་ཁྲི་ཙམ་ཡོད་པས་ལོ་ཚོད་ཁག་དང་དཔེ་ཀློག་གི་དགོས་མཁོ་སྣ་ཚོགས་ཡོད་པའི་ཀློག་པ་པོར་དཔེ་དེབ་ཐོན་ཁུངས་ཕུན་སུམ་ཚོགས་པོ་མཁོ་འདོན་བྱེད་ཐུབ་པ་རེད། དཔེ་དེབ་འགྲེམས་སྟོན་ལ་ནས་ཀྱི་དཔེ་སྒྲོམ་ཐོག་མར་གསར་རྩོམ་བྱས་ཏེ་དཔེ་དེབ་ཁུལ་གྱི་ཐོག་སོ་དང་པོར་བཞག་ནས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་དཔེ་དེབ་དང་རི་མོའི་དེབ་ཀྱི་སྒྲོམ་སྟེགས་ཡག་ཤོས་སུ་གྱུར་ཡོད། དཔེ་དེབ་ཁང་ཕུད་ད་དུང་རིག་གནས་གསར་གཏོད་ཁང་དང་ཁོ་ཧྥེ་ཁང་བཙུགས་ཡོད། རིག་གནས་གསར་གཏོད་ཁང་དུ་ལག་གདུབ་དང་དེ་བཞིན་སུམ་རྩེན་གླིང་མཛེས་ལྗོངས་ཁུལ་སོགས་རང་བྱུང་དང་མི་ཆོས་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་མཛེས་ལྗོངས་ཁུལ་མང་པོ་ཞིག་གི་འཆར་སྣང་དུ་བྱས་པའི་འཁྱགས་སྒམ་སྦྱར་ས་དང་རས་ཁུག་སོགས་ཐོན་རྫས་འཚོང་ཡོད། ཁོ་ཧྥེའི་ཁུལ་དུ་ས་གནས་དེ་གའི་བཟའ་བཏུང་རིག་གནས་མཚོན་པའི་ཁྱད་ལྡན་ཞིམ་ཟས་མི་ཉུང་བ་ཞིག་ཡོད་པས་ཀློག་པ་པོས་དཔེ་དེབ་ལ་བལྟ་ཞོར་དུ་རིག་གནས་དང་གསར་གཏོད་མཉམ་འདྲེས་ཀྱི་ཡིད་དབང་འཕྲོག་ཤུགས་ཚོར་ཐུབ་པ་རེད།  ཐར་མོ་ཡིས་དཔེ་དེབ་ཁང་གི་སྲོལ་རྒྱུན་གྱི་བོད་ཁང་བཀོད་སྒྲིག་བྱེད་སྟངས་ཐོག་ནས་ངའི་མིག་མདུན་འོད་འཚེར་ཞིང་། དཔེ་ཁང་ནས་མཐའ་འཁོར་གྱི་ས་ཞིང་དང་བོད་ཁང་ཚང་མ་མཐོང་ཐུབ་ཀྱི་ཡོད། དེ་གར་རྒྱ་ཆེའི་ཀློག་པ་པོས་དགའ་པོ་བྱེད་པའི་དཔེ་དེབ་ལྟ་ཐུབ་པ་མ་ཟད། ས་མཐོའི་མཛེས་ལྗོངས་ཀྱང་མྱོང་རོལ་བྱེད་ཐུབ་པས་ཧ་ཅང་དགའ་པོ་བྱུང་ཞེས་བཤད།