ཆུ་ལོག་འབྱུང་ཚེ་ཇི་ལྟར་བྱ་དགོས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-06-25   རྩོམ་ཁུངས།    ཁམས་པའི་དྲ་བ།

        ཆར་ཆུ་འབེལ་བའི་དུས་སུ་ས་གཤིས་ཞན་པའི་ས་ཁུལ་དུ་ཆུ་ལོག་གི་གནོད་པ་འབྱུང་སླ་བ་རེད། གལ་སྲིད་ཆུ་ལོག་དང་ཐུག་པ་ཡིན་ན། ང་ཚོས་འོག་གི་བྱེད་ཐབས་ཁ་ཤས་ལ་ཡིད་འཇོག་བྱས་ན་ཕན་པ་ཐོབ་ངེས་པ་རེད།

图片

        གཅིག ཆུ་ལོག་རྒྱུག་ཡུལ་དུ་གནས་པའི་ཚེ། མགྱོགས་པོར་ཆུ་ལོག་རྒྱུག་ཡུལ་གྱི་ངོས་གཉིས་སུ་འབྲོས་དགོས་པ་ལས་གོང་འོག་ཏུ་གཏན་ནས་རྒྱུག་མི་རུང་། སྤྱིར་བཏང་ཆུ་ལོག་རྙོག་མཐུག་ཆེ་ན་ཅུང་འབྲོས་སླ་ཞིང་ཐར་སླ། ཆུ་ལོག་འབྱུང་ཉེན་ཆེ་བའི་ལུང་པའི་མདའ་རུ་ཡོད་པའི་གནོད་པ་ཕོག་སྲིད་པའི་གྲོང་སྡེ་དང་། ཡུལ་ཤོག། གྲོང་རྡལ། རྫོང་དང་ཡང་ན་གཏེར་ལས་ཁེ་ལས་སྡེ་ཁག་ལ་ཉེན་བརྡ་སྔོན་ལ་གཏང་དགོས་ཤིང་ཆུ་ལོག་གི་འགྱུར་ཚུལ་ལ་དོ་སྣང་ཡག་པོ་བྱ་དགོས།

        གཉིས། འབྲེལ་ཡོད་སྲིད་གཞུང་སྡེ་ཁག་གིས་མྱུར་དུ་སྲིད་གཞུང་དང་། ལས་ཁུངས།(གྲོང་སྡེ་དང་། ཡུལ་ཤོག། གྲོང་རྡལ།)ཆེད་རམས་པ། ས་གནས་དེ་གའི་མང་ཚོགས་བཅས་བསྡུས་ནས་གནོད་འགོག་མུག་སྐྱོབ་ཀྱི་བྱ་འགུལ་སྤེལ་དགོས།     

        གསུམ། འཚུབ་བསྟུན་བྱེད་ཐབས(ཡང་ན་འཆར་གཞི)བཀོད་ཅིང་ལག་ལེན་བྱ་དགོས། ཆུ་ལོག་རྒྱུག་ས་དང་མདའ་ཡི་རི་ལུང་བཅས་ལ་དོ་སྲུང་བྱེད་ཤུགས་ཆེ་རུ་གཏང་དགོས། དཔེར་ན་གནས་ཚུལ་ལ་གཞིགས་ནས་འཁོར་ལོའི་རིགས་དང་མི་འགྲོ་འོང་བྱ་རྒྱུ་བཀག་པ་དང་། ཉེན་ཁ་ཆེ་བའི་ས་ཁུལ་དུ་གནས་པའི་མང་ཚོགས་ཕྱིར་འཐེན་བྱ་དགོས་པ་སོགས་རེད།

图片

        བཞི། ཆུ་ལོག་གིས་གནོད་པའི་སྐྲུན་དངོས་ཏེ་དཔེར་ན་ཆུ་རགས་དང་ལྕགས་ལམ། གཞུང་ལམ། གློག་འདོན་བཟོ་གྲྭ། བརྡ་འཕྲིན་སྒྲིག་ཆས། གློག་འཕྲིན་ཁང་། ཆུ་རྐ་སོགས་ཀྱི་ཞོར་བྱུང་གནོད་འཚེ་དང་། གནོད་འཚེ་ཐེངས་གསུམ་པ་སྟེ་དཔེར་ན་མེ་སྐྱོན་དང་། འགྲིམ་འགྲུལ་ཆད་པ། འབར་གས་བྱུང་བ། ཁང་པ་ལོག་པ་སོགས་ལ་དོ་གཟབ་བྱ་དགོས།

        ལྔ། ལྟ་ཞིབ་ས་ཚུགས་བཙུགས་ནས་ཆུ་ལོག་གི་འགྱུར་ཚུལ་ལ་ལྟ་ཞིབ་བྱས་ཏེ་གནོད་སྐྱོན་གྱི་འགྱུར་འཕེལ་གནས་བབ་རྒྱུས་ལོན་བྱ་དགོས་པས་མ་ཚད་འཕྲལ་ཐག་གཅད་དགོས། ལྷག་པར་དུ་ཆུ་ལོག་གི་ཐོལ་བྱུང་རང་བཞིན་དང་སྐབས་སྡོད་རང་བཞིན་ལ་དོ་སྣང་བྱ་དགོས།།