བདེ་ཆེན་ཁུལ་ཏང་སྲིད་འཐུས་མི་ཚོགས་པ་དབྱང་ཕུའུ་ཆུས་སུ་ཤར་ནུབ་མཉམ་ལས་དང་དེ་བཞིན་ཁ་གཏད་རོགས་སྐྱོར་ལས་དོན་འབྲེལ་མཐུད་བྱེད་པར་བསྐྱོད་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-06-26   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        

        ཟླ་6པའི་ཚེས་24ཉིན་གྱི་ཕྱི་དྲོ།    ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཁུལ་དཔོན་ཀྲང་ཝེ་ཏུང་གིས་བདེ་ཆེན་ཏང་སྲིད་འཐུས་མི་ཚོགས་པ་སྣེ་ཁྲིད་དེ་དབྱང་ཕུའུ་ཆུས་སུ་ཤར་ནུབ་མཉམ་ལས་དང་དེ་བཞིན་ཁ་གཏད་རོགས་སྐྱོར་ལས་དོན་འབྲེལ་མཐུད་བྱེད་པར་བསྐྱོད་པ་རེད།     དབྱང་ཕུའུ་ཆུས་ཨུའི་ཧྲུའུ་ཅི་གཞོན་པ་ཆུས་ཀྲང་ཀྲོའུ་ཧའེ་ཡིང་གིས་འཐུས་མི་ཚོགས་པ་དང་བཅས་པ་དང་མཇལ་འཛོམས་གནང་བ་རེད།   

        ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ལི་ཡན་ལན་ཚོགས་འདུར་ཞུགས་པ་རེད།

        ཚོགས་འདུ་མ་འཚོགས་གོང་ཀྲོའུ་ཧའེ་ཡིང་གིས་བདེ་ཆེན་ཁུལ་ཏང་སྲིད་འཐུས་མི་ཚོགས་པར་ཕེབས་རོགས་བྱས་ཏེ་སྔ་རྗེས་སུ་ཧྲང་ཧའེ་གྲོང་ཁྱེར་ཁྱུག་དབྱིངས་ཚོགས་པ་དང་།    ཧྲང་ཧའེ་ཝང་ཀུའུ་ཚན་རྩལ་གླིང་།    ཧྲང་ཧའེ་ལག་རྩལ་ཉོ་ཚོང་ཁང་།    ཁྲང་པའེ་228གྲོང་ཁུལ་དང་དེ་བཞིན་འབྲེལ་ཡོད་ཁེ་ལས་ལ་ལྟ་སྐོར་དང་རྟོག་ཞིབ་བྱས་པ་དང་དབྱང་ཕུའུ་ཆུས་ཀྱི་ཚན་རྩལ་གསར་གཏོད་དང་།    ཐོན་ལས་འཕེལ་རྒྱས།    གྲོང་ཁྱེར་གསར་བརྗེ།    སྡེ་ཁུལ་ཞབས་ཞུ་སོགས་ཀྱི་གནས་ཚུལ་ངོ་སྤྲོད་ཉན་ནས་ཐོན་ལས་མཉམ་ལས་དང་།    ངལ་ལས་མཉམ་ལས།    འཛད་སྤྱོད་རོགས་སྐྱོར་སོགས་ཀྱི་ནང་དོན་ལ་དམིགས་ནས་སྤེལ་རེས་གཏིང་ཟབ་བྱས་ཡོད།

        ཀྲོའུ་ཧའེ་ཡིང་གིས་ཆུས་ཨུ་དང་ཆུས་སྲིད་གཞུང་གི་ཚབ་ཞུས་ནས་བདེ་ཆེན་ཁུལ་ཏང་སྲིད་འཐུས་མི་ཚོགས་པ་དང་བཅས་པ་རྣམས་ལ་དགའ་བསུ་ཞུས་པ་དང་བདེ་ཆེན་གྱིས་ཉེ་བའི་ལོ་ཤས་རིང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་རིག་གནས་ཡུལ་སྐོར་འཕེལ་རྒྱས་སོགས་ཐད་ཀྱི་ལས་དོན་ཐད་ཐོབ་པའི་གྲུབ་འབྲས་ལ་རྟེན་འབྲེལ་ཞུས་པ་རེད།   ཁོང་གིས་དབྱང་ཕུའུ་ཆུས་དང་བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དབར་མཉམ་ལས་བྱས་པ་ནས་བཟུང་ས་གནས་གཉིས་དབར་སྤེལ་རེས་དམ་ཟབ་དང་མཉམ་ལས་ཀྱི་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས་ཐོན་ལས་གསབ་རེས་དང་།      འཕེལ་རྒྱས་གཉིས་ཁེ་སོགས་དངོས་འབྲེལ་མངོན་འགྱུར་བྱུང་ཡོད།     མ་འོངས་པར་དབྱང་ཕུའུ་ཆུས་ཀྱིས་ཤར་ནུབ་མཉམ་ལས་དང་ཁ་གཏད་རོགས་སྐྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་བླང་བྱ་མུ་མཐུད་ལག་ལེན་མཐར་ཕྱིན་ཡག་པོ་བྱས་ཏེ་སེམས་ཤུགས་ཡོད་ཚད་བཏོན་ནས་ཁ་གཏད་རོགས་སྐྱོར་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་ཁ་གཏད་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་བདེ་ཆེན་དབུལ་སྒྲོལ་འགག་སྒྲོལ་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་གཏོང་བ་ཕན་ནུས་ལྡན་པའི་སྒོ་ནས་འབྲེལ་མཐུད་བྱ་རྒྱུར་སྐུལ་འདེད་བཏང་ནས་ས་ཁུལ་གཉིས་ཀྱི་ཤར་ནུབ་མཉམ་ལས་ཀྱི་ལེའུ་གསར་པ་ཐུན་མོང་ཐོག་འབྲི་རྒྱུ་ཡིན་པ་རེད།  

        ལུའོ་ཁྲའོ་ཧྥེང་གིས་བདེ་ཆེན་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་གནང་བ་དང་དབྱང་ཕུའུ་ཆུས་ཨུ་དང་ཆུས་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་བདེ་ཆེན་གྱི་ལས་དོན་ཁག་ལ་སེམས་ཁུར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།    ཁོང་གིས་ཉེ་བའི་ལོ་ཤས་རིང་དབྱང་ཕུའུ་ཆུས་ཀྱི་རྒྱབ་སྐྱོར་འོག་བདེ་ཆེན་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཡར་རྒྱས་དང་འཕེལ་རྒྱས་མྱུར་པོ་བྱུང་ནས་སྤྱི་ཚོགས་ཀྱི་ཁྱོན་ཡོངས་སྔར་བས་བརྟན་ལྷིང་དང་།    སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་སྔར་བས་གཏིང་ཟབ་ཏུ་ཕྱིན་པ།    མང་ཚོགས་ཀྱི་ཐོབ་པའི་ཚོར་སྣང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།   དབྱང་ཕུའུ་ཆུས་ཀྱིས་ཐོན་སློབ་ཞིབ་གསུམ་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་དང་།    ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ།    གྲོང་ཁྱེར་ཞིབ་ཚགས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ།    དམངས་འཚོ་བདེ་སྐྱིད་ཆེ་རུ་གཏོང་བ་སོགས་ཀྱི་ཐད་བདེ་ཆེན་གྱིས་སློབ་སྦྱོང་དང་དཔྱད་གཞིར་འཛིན་འོས་པའི་ས་ཆ་མང་པོ་ཡོད་པས་དབྱང་ཕུའུ་ཆུས་ཨུ་ལྷན་དང་ཆུས་སྲིད་གཞུང་གིས་སློབ་གསོ་དང་།    སྨན་བཅོས།    ཐོན་ལས་སོགས་ཐད་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་བདེ་ཆེན་ཁུལ་དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་འཕེལ་རྒྱས་གསར་པ་ཡོང་བར་རོགས་རམ་བྱ་རྒྱུའི་རེ་བ་ཡོད་ལ།    ཕྱོགས་གཉིས་པོས་སྔར་བས་འབྲེལ་གཏུག་དམ་ཟབ་བྱས་ནས་མཉམ་ལས་ཁྱབ་ཁོངས་རྒྱ་ཆེར་གཏོང་བ།    ལེགས་ཆ་གསབ་རེས་དང་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་ཀྱང་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།   

        ཁུལ་གྱི་འགོ་ཁྲིད་དབྱང་ཙི་ཅང་དང་། ཁྲེན་ཆུན། ཞུས་ཀོང་ཏེ། ཀྲོང་ཞའོ་ཕིན། འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ་བཅས་མཇལ་འཕྲད་ནང་ཞུགས་ཡོད་པ་རེད།