ཁྱེད་ཀྱིས་དུག་རྫས་འདི་དག་མཐོང་མྱོང་ཡོད་དམ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-06-26   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར་གྱི་བོད་ཡིག་སྨྱན་སྦྱོར།

        ཚེ་སྲོག་ལ་གཅེས་སྤྲས་ཀྱིས་དུག་རྫས་རིང་དུ་སྤོངས་དགོས།

        ཟླ་6པ་ནི་རང་རྒྱལ་གྱི་དམངས་ཡོངས་ཀྱི་དུག་འགོག་དྲིལ་བསྒྲགས་ཟླ་བ་ཡིན་པ་དང་། ཟླ་6ཚེས་26ཉིན་ནི་རྒྱལ་སྤྱིའི་དུག་འགོག་ཉིན་མོ་རེད། ད་ལོའི་དམངས་ཡོངས་ཀྱི་དུག་འགོག་དྲིལ་བསྒྲགས་ཟླ་བའི་བརྗོད་དོན་གཙོ་བོ་ནི“གཞོན་ནུ་ལོ་ཆུང་གིས་སྨན་རྫས་གང་བྱུང་དུ་སྤྱོད་པར་འགོག་ཟོན་བྱེད་དགོས”ཞེས་པ་དེ་རེད།

        01དུག་རྫས་ཞེས་པ་གང་ཞིག་ཡིན།

        རང་རྒྱལ་དུ་གཏན་འབེབས་བྱས་པའི་དུག་རྫས་ནི། ཉལ་ཐ་དང་། ཧེ་རོ་དབྱིན། འཁྱགས་དུག མཱ་ཧྥེ། སོ་མ་ར་ཙ། ཁོ་ཁ་དབྱིན་བཅས་དང་། དེ་བཞིན་རྒྱལ་ཁབ་ནས་དོ་དམ་བྱེད་ཁོངས་སུ་བཅུག་པའི་མི་རྣམས་དབྱིངས་སུ་ཚུད་སྲིད་པའི་སྦྲིད་སྨན་དང་ཚོར་དབང་གི་སྨན་རྫས་གཞན་དག་ཡིན་པ་རེད།

        02རྒྱུན་མཐོང་གི་དུག་རྫས་གང་དག་ཡོད།  

ཧེ་རོ་དབྱིན།      

འཁྱགས་དུག    

མཱ་ཀུའུ།     

K ཕྱེ།    

མགོ་གཡུག་རིལ་བུ།   

སོ་མ་ར་ཙ།  

ཀྲི་ཀེ་སི་LSD     

        03དུག་རྫས་ཀྱི་གནོད་འཚེ་གང་དག་ཡོད།

        དང་པོ། ལུས་པོར་དུག་ཕོག་གི་ཡོད་པ་དང་དུས་ཡུན་རིང་པོ་དུག་འཐེན་མཁན་ལ་དུག་ཕོག་པའི་ནད་རྟགས་ཐོན་པ་དཔེར་ན། གཉིད་འཐིབས་པ་དང་། ཟ་རི་ཟི་རི་ཆགས་པ། འཁྱར་རེ་འཁྱོར་རེར་གྱུར་པ། ཁ་ཕྱོགས་འཛོལ་བ་སོགས་བྱེད་ཀྱི་ཡོད།

        གཉིས་པ། གལ་ཏེ་ཧོབ་སྟེ་དུག་འཐེན་མཚམས་བཞག་ན། འདུས་ནད་སྣ་ཚོགས་ཐོན་པ་དང་ཚབས་ཆེ་བ་ཤི་ཡང་སྲིད།

        གསུམ་པ། དུག་འཐེན་མཁན་ལ་རྟག་ཏུ་ཚོར་དབང་སྦྲིད་པའི་སྣང་བ་བྱུང་ནས་འཁྲུལ་སྣང་ཡོང་བའམ་ཡང་ན་སྨྱོ་འཚུབ་འཚུབ་ཆགས་ཀྱི་ཡོད།

        བཞི་པ། སྡོད་རྩར་དུག་ཁབ་རྒྱག་པ་དེས་གཉན་ཚད་ཀྱི་འདུས་ནད་ཕོག་སྲིད་པ་སྟེ། རྒྱུན་དུ་མཆིན་ཚད་ཁ་པ་དང་། ཨེ་ཙིའི་ནད། བསེ་མོག་སོགས་འགོ་ཡི་ཡོད།

        ལྔ་པ། དུག་འཐེན་ན་ད་དུང་ཁྱིམ་ཚང་དང་སྤྱི་ཚོགས་ལ་གནོད་འཚེ་ཚབས་ཆེན་བཟོ་བ་སྟེ། ཁྱིམ་ཚང་ཁ་བྲལ་དུ་སོང་བ་དང་། སྤྱི་ཚོགས་ཀྱི་རྒྱུ་ནོར་གྱོང་གུན་དང་འཕྲོ་བརླག་འབོར་ཆེན་འགྲོ་བ་དང་། ཐ་ན་སྤྱི་ཚོགས་ཀྱི་བདེ་འཇགས་ལའང་གནོད་ནས་སྤྱི་ཚོགས་ཀྱི་དུས་བདེར་ཉེན་ཁ་བཟོ་ཡི་ཡོད།

        གཞོན་ནུ་ལོ་ཆུང་བདེ་ཐང་ངང་འཚར་ལོངས་ཡོང་བར་སྲུང་སྐྱོང་བྱས་ནས། གཞོན་ནུ་ལོ་ཆུང་གིས་སྨན་རྫས་གང་བྱུང་དུ་སྤྱོད་པར་འགོག་ཟོན་བྱས་ཏེ་ཁོང་ཚོར་བདེ་འཇགས་དང་དྭངས་གཙང་གི་ཁོར་ཡུག་ཅིག་བསྐྲུན་དགོས།