བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མེ་ཟོན་རོགས་སྐྱོབ་ཅུས་ཀྱིས་སྒོ་བྱང་བཀལ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-06-26   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ6པའི་ཚེས25ཉིན།   བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མེ་ཟོན་རོགས་སྐྱོབ་ཅུས་ཀྱིས་སྒོ་བྱང་བཀལ་བའི་མཛད་སྒོ་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནས་སྤེལ་བ་རེད། 

    ཤེས་རྟོགས་བྱུང་བར་གཞིགས་ན།    རྒྱལ་ཁབ་མེ་ཟོན་རོགས་སྐྱོབ་ཅུས་ཀྱི་ལས་དོན་བཀོད་སྒྲིག་གཞིར་བཟུང་ཟླ་6པའི་ཚེས་25ཉིན་གྱི་སྔ་དྲོའི་ཆུ་ཚོད་10སྟེང་རྒྱལ་ཡོངས་ཀྱི་སྲིད་འཛིན་ས་ཁོངས་དབྱེ་མཚམས་སུ་བཀོད་སྒྲིག་བྱས་པའི་མེ་ཟོན་རོགས་སྐྱོབ་ཡན་ལག་རུ་ཁག་407ལ་བཅའ་སྡོད་བྱ་ཡུལ་མེ་ཟོན་རོགས་སྐྱོབ་ཅུས་ཀྱི་བྱང་བུ་གཅིག་གྱུར་ཐོག་བཀལ་ཡོད་པ་དེ་ཐོག་ནས་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་བསྡུ་སྒྲིལ་སྒྱུར་བཅོས་ལས་དོན་གཏིང་ཟབ་ཏུ་སྤེལ་ཡོད་པ་མཚོན་ཡོད།  

    ཁུལ་མེ་ཟོན་རོགས་སྐྱོབ་ཅུས་ཀྱིས་སྒོ་བྱང་བཀལ་རྗེས་ས་གནས་ཀྱི་མེ་ཟོན་ལྟ་སྐུལ་དོ་དམ་འགན་འཁྲི་སྔར་བས་ལེགས་པར་བསྒྲུབས་ནས་ས་གནས་སྲིད་གཞུང་གི་ཆེད་གཉེར་མེ་ཟོན་དཔུང་ཁག་འཛུགས་སྐྱོང་དང་དོ་དམ་སྔར་བས་ཚད་ལྡན་དུ་བཏང་བ་དང་། མེ་ཟོན་བདེ་འཇགས་ཀྱི་ཉེན་ཁ་སྔོན་འགོག་ཆུ་ཚད་དང་ཕྱོགས་བསྡུས་རོགས་སྐྱོབ་ནུས་པ་ཏན་ཏིག་མཐོ་རུ་བཏང་ནས་ཆུ་ཚད་དེ་བས་མཐོ་བའི་མེ་ཟོན་བདེ་འཇགས་ཞབས་ཞུའི་ཐོག་ནས་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགན་ལེན་བྱ་རྒྱུ་ཡིན་པ་རེད།

    ཁུལ་མེ་ཟོན་རོགས་སྐྱོབ་ཅུས་ཀྱི་འགན་འཁུར་བས་“ང་ཚོས་སྒོ་བྱང་བཀལ་བ་དེ་གོ་སྐབས་སུ་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་དེ་བས་ལེགས་པའི་སྒོ་ནས་འདྲེས་ཏེ་སྒྱུར་བཅོས་འཕེལ་རྒྱས་ཀྱི་ལས་འགན་ལྕི་པོ་འཁུར་བ།    ཕྱོགས་གཅིག་འཕེལ་རྒྱས་ལ་སྐུལ་འདེད་དང་ཕྱོགས་གཅིག་གི་བདེ་འཇགས་འགན་ལེན་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་རྣམ་པ་གསར་པ་དང་།    འགན་འཁྲི་གསར་པ།    བྱ་སྤྱོད་གསར་པ་བཅས་མངོན་པར་བྱ་རྒྱུ་ཡིན་ཞེས་བཤད།