སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གཏེར་མ་རོང་ཤང་གིས་སེམས་ཤུགས་གཅིག་སྒྲིལ་ཐོག་རྣམ་པ་གསར་པ་གཏོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-06-26   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཉེ་བའི་ལོ་ཤས་རིང་།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གཏེར་མ་རོང་ཤང་གི་མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སེམས་ཤུགས་གཅིག་སྒྲིལ་དང་ཕན་ཚུལ་རོགས་རམ་བྱས་ནས་ཐུན་མོང་ཐོག་མཐུན་སྒྲིལ་འབད་བརྩོན་དང་དར་རྒྱས་གོང་འཕེལ་གྱི་གསོན་ཉམས་ལྡན་པའི་རྣམ་པ་ཞིག་ཆགས་ཡོད།

        སོ་སྲུང་རོགས་རམ་དང་མཐུན་སྒྲིལ་འབད་བརྩོན་ནི་གཏེར་མ་རོང་ཤང་མི་རིགས་ཁག་གིས་རྒྱུན་འཁྱོངས་བྱེད་པའི་སྲོལ་རྒྱུན་བཟང་པོ་ཞིག་ཡིན། ཐེངས་གཅིག་ཡུལ་མིའི་བ་དབྱར་རྩྭ་དགུན་འབུའི་རི་བོ་ནས་མི་ལོག་པའི་གནས་ཚུལ་རྒྱུས་ལོན་བྱས་ནས་རང་ཚོ་ཆུང་གི་མི་དམངས་ཉེན་རྟོག་པས་གྲང་ངར་ཆེན་པོ་དང་ས་མཐོའི་འབྱུང་འགྱུར་སེལ་ནས་ཁ་བ་ཆེན་པོས་བཀབ་པའི་རྩྭ་ཐང་དུ་བ་དང་བེའུ་འཚོལ་ཐུབ་པ་ཞེས་ཧྲིང་ལི་གྲོང་ཚོ་རུ་བཅའ་སྡོད་བྱེད་པའི་དབྱར་རྩྭ་དགུན་འབུ་རི་བོའི་སྤྱི་བདེ་ལས་རེས་ཚོ་ཆུང་གི་འགོ་འཛིན་པ་ཧོ་མིང་ཅུན་གྱིས་བཤད་པ།

        སྲིད་ཇུས་དྲིལ་སྒྲོག་པ་སྒྲོལ་མས་ང་ཚོས་འབྲོག་ར་ཁག་གི་དོན་དངོས་ལ་དམིགས་ནས་ཁེར་རྐྱང་སློབ་ཁྲིད་དང་མཉམ་འབྲེལ་སློབ་ཁྲིད།གཅིག་སྡུད་སློབ་ཁྲིད་ཀྱི་རྣམ་པའི་སྒོ་ནས་ས་མཐོའི་འབྲོག་ར་དང་ཞིང་ཁ།དབྱར་རྩྭ་དགུན་འབུའི་རི་བོ་སོགས་ས་གནས་སུ་ཟབ་ཞུགས་བྱས་ནས་སློབ་གསོའི་གསོ་སྦྱོང་བྱེད་སྒོ་སྤེལ་བ་དང་།ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དང་དམངས་ཕན་སྲིད་ཇུས་སྤྱི་བཏང་གི་མི་སེར་གྱི་ཁྱིམ་ཚང་དུ་འཕུར་དུ་འཇུག་ཡོད་ཅེས་བཤད།

        ཉེ་བའི་ལོ་འགའི་རིང་།གཏེར་མ་རོང་ཤང་གིས་རྒྱུན་མཐུད་ངང་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་སློབ་གསོ་ཁྱབ་སྤེལ་གཏོང་བ།ཧུར་ཐག་གིས་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་བྱེད་པའི་ཆ་རྐྱེན་དང་ཁོར་ཡུག་འཛུགས་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་སྤྱོད་པའི་ནུས་ཤུགས་མཐོ་རུ་གཏོང་བ་ལ་གོ་སྐབས་ཤིག་གཏོད་པ།

        གཏེར་མ་རོང་ཤང་ཏང་ཨུ་དང་སྲིད་གཞུང་གིས་ཐོན་ལས་འཕེལ་རྒྱས་དམ་འཛིན་བྱས་ནས་གཏེར་མ་རོང་ཤིང་ཏོག་ལི་དང་གཏེར་མ་རོང་ཡུལ་བྱ་སོགས་ཁྱད་ལྡན་ཐོན་ལས་ཁག་གཅིག་ལེགས་གྲུབ་ངང་བཏོན་ཏེ་ཐོན་ལས་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་མཉམ་འདྲེས་མཉམ་འདེད་མངོན་འགྱུར་བྱུང་བ།2016ལོར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཕའེ་ལོའུ་ཀོན་རི་སྐྱེས་ཤ་མོ་འདེབས་འཛུགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་གིས་“ཏང་ཀྲི་པུའུ+ཀུང་སི+གནས་གཞི+ཞིང་དུད་”ཀྱི་བྱ་ཐབས་སྒོ་ནས་ཀླུ་པང་གྲོང་ཚོར་ཀུ་ཀུ་ཤ་མོ་འདེབས་འཛུགས་ཁྱབ་སྤེལ་གཏོང་བ། 2017ལོར་སླེབས་དུས་ཞིང་དུད་89ཡིས་ཀུ་ཀུ་ཤ་མོ་འདེབས་ཡོད་པ་དང་འདེབས་པའི་རྒྱ་ཁྱོན་མུའུ་146ཟིན་ཏེ། ཤ་མོ་སོས་པ་རྒྱ་མ་ཁྲི་7ཐོན་པ། སྤྱིའི་ཡོང་འབབ་སྒོར་ཁྲི་420མངོན་འགྱུར་བྱུང་བ་རེད། བསྟན་འཛིན་ཆོས་འཕེལ་གྱིས་ཤིང་ཏོག་ལི་འདེབས་འཛུགས་བྱེད་ཡུན་ལོ་30ལྷག་ཟིན།ད་ལོར་ཁོང་ཚང་གི་ཤིང་ཏོག་ལིའི་ཐོན་ཚད་སྔོན་རྩིས་ལྟར་ན་ཏུའུ་8ཡས་མས་ཟིན་ཐུབ་རྒྱུ་དང་ཡོང་འབབ་སྒོར་ཁྲི་1.6ཟིན་ཐུབ་རྒྱུ་རེད།

        2021ལོར་གཏེར་མ་རོང་ཤང་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་མི་རིགས་མཐུན་སྒྲིལ་དཔེ་སྟོན་ཤང་གྲོང་ཁག་དང་པོ་དང་བདེ་ཆེན་ཁུལ་མི་རིགས་མཐུན་སྒྲིལ་དཔེ་སྟོན་ཤང་གྲོང་ཁག་གཉིས་པར་བདམས་བ། ད་ལྟར། གཏེར་མ་རོང་ཤང་གི་མི་རིགས་སོ་སོའི་བུ་ཕྲུག་དག་གིས་མཉམ་སྡོད། མཉམ་སྦྱོང་། མཉམ་ལས། མཉམ་སྤྲོའི་ཁྲོད་རྒྱ་ཁྱབ་ངང་འགྲོ་འོང་དང་། ཁྱོན་ཡོངས་ནས་སྤེལ་རེས། ཟབ་མོ་མཉམ་འདྲེས་བཅས་བྱས་ནས་དུས་རབས་གསར་པའི་གོམ་སྟབས་དང་མཉམ་དུ་ལག་གདང་སྦྲེལ་ཏེ་མདུན་དུ་སྐྱོད་པ་དང་བློ་སེམས་གཅིག་སྒྲིལ་གྱིས་ཀྲུང་གོའི་ཕུགས་འདུན་མཉམ་དུ་སྐྲུན་པའི་སྟོབས་ཤུགས་སྐུལ་སྤེལ་བྱེད་ཡོད་པ་རེད།