རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-06-26   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།
བདེ་འཇགས་ཐོན་སྐྱེད་ཅེས་པ་ནི་ངལ་རྩོལ་ཐོན་སྐྱེད་བྱེད་པའི་བརྒྱུད་རིམ་ཁྲོད།ངལ་རྩོལ་ཆ་རྐྱེན་ལེགས་བཅོས་ཧུར་ཐག་བྱས་ནས་བདེ་འཇགས་མིན་པའི་རྒྱུ་རྐྱེན་སེལ་ཏེ།ལས་འཛོལ་འབྱུང་བར་སྔོན་འགོག་བྱས་ནས་ངལ་རྩོལ་པའི་བདེ་འཇགས་བདེ་ཐང་དང་།རྒྱལ་ཁབ་ཀྱི་རྒྱུ་ནོར་དང་མི་དམངས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ཡོང་བར་ཁག་ཐེག་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ཁེ་ལས་ཀྱི་ཐོན་སྐྱེད་བདེ་བླག་ངང་སྤེལ་ཐུབ་པ་བྱ་རྒྱུ་དེ་ལ་ཟེར།
དེར་ཕྱོགས་གཉིས་ཀྱི་བདེ་འཇགས་འདུས་ཡོད་པ་སྟེ།
1. མི་ལུས་བདེ་འཇགས། ངལ་རྩོལ་པ་རང་ཉིད་དང་འབྲེལ་ཡོད་མི་སྣ།
2. སྒྲིག་ཆས་བདེ་འཇགས། བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ལེགས་པོར་བསྒྲུབ་ཆེད་བྱེད་སྒོ་རབས་དང་རིམ་པ་སྤེལ་བའོ། །
ལས་བཟོ་པའི་བདེ་འཇགས་ཀྱི་འགན་འཁྲི།
1. སྒྲིག་ཆས་ཉམས་གསོ་དང་བདག་སྐྱོང་ལམ་ལུགས་སྐོར་གྱི་གཏན་འཁེལ་ལ་བརྩི་སྲུང་བྱ་དགོས།
2. རང་རྟོགས་ཀྱིས་ཐོན་སྐྱེད་བདེ་འཇགས་ཀྱི་སྒྲིག་སྲོལ་ལམ་ལུགས་དང་ངལ་རྩོལ་སྒྲིག་ཁྲིམས་བརྩི་སྲུང་བྱ་དགོས།
3. འཕྲུལ་ཆས་དང་སྒྲིག་ཆས།ཡོ་བྱད་བཅས་ལ་གཅེས་སྐྱོང་དང་བེད་སྤྱོད་ཡང་དག་བྱ་དགོས་ཤིང་། འགོག་སྲུང་ཡོ་བྱད་ཡང་དག་བཀོལ་དགོས།
4. བདེ་འཇགས་ཐོན་སྐྱེད་ཀྱི་གནས་ཚུལ་ལ་སེམས་ཁུར་བྱས་ནས་འབྲེལ་ཡོད་མགོ་ཁྲིད་དམ་སྡེ་ཁག་ལ་ལུགས་མཐུན་གྱི་གྲོས་མགོ་གདོན་དགོས།
5. དོན་རྐྱེན་གྱི་མངོན་མེད་རྐྱེན་ངན་དང་བདེ་འཇགས་མིན་པའི་རྒྱུ་རྐྱེན་ཤེས་ན་དུས་ཐོག་ཏུ་རྩ་འཛུགས་སམ་འབྲེལ་ཡོད་སྡེ་ཁག་ལ་སྙན་སེང་ཞུ་དགོས།
6. ལས་རྨས་ཀྱི་དོན་རྐྱེན་བྱུང་ཚེ་དུས་ཐོག་ཏུ་རྨས་མ་མྱུར་སྐྱོབ་དང་ཡུལ་དངོས་སྲུང་སྐྱོང་བྱས་ཏེ་མགོ་ཁྲིད་ལ་སྙན་སེང་ཞུ་དགོས་པར་མ་ཟད། བརྟག་དཔྱད་ལས་དོན་ལ་གཞོགས་འདེགས་ཀྱང་བྱ་དགོས།
7. བདེ་འཇགས་ཤེས་བྱ་དང་རྩལ་ནུས་ལ་ཧུར་ཐག་གིས་སློབ་སྦྱོང་བྱས་ཏེ་ཁོང་དུ་ཆུད་པར་བྱེད་པ་དང་། ལས་རིགས་དེའི་བཀོལ་སྤྱོད་གོ་རིམ་དང་བདེ་འཇགས་བཀོལ་སྤྱོད་སྒྲིག་སྲོལ་ཁོང་དུ་ཆུད་པར་བྱ་དགོས།
8. བདེ་འཇགས་ཀྱི་བྱེད་སྒོ་སྣ་ཚོགས་ལ་ཧུར་ཐག་གིས་ཞུགས་ཏེ། “བདེ་འཇགས་ཨང་དང་པོར་འཇོག་པའི”བསམ་བློ་དང་རང་ཉིད་སྲུང་སྐྱོང་གི་འདུ་ཤེས་བརྟན་པོར་འཛུགས་དགོས།
9. སྒྲིག་སྲོལ་དང་འགལ་ནས་བཀོད་འདོམས་དང་ཉེན་ཁའི་བྱ་བ་བསྒྲུབ་པའི་བཀའ་རྒྱ་དང་ལེན་མི་བྱེད་པའི་ཁེ་དབང་ཡོད་པ་དང་། མི་སྒེར་གྱི་བདེ་འཇགས་ཐོན་སྐྱེད་ལ་འགན་འཁུར་དགོས།
བདེ་འཇགས་ཐོན་སྐྱེད་ཀྱི་ཁེ་དབང་།
1. ལས་གནས་སུ་མ་ཞུགས་གོང་བདེ་འཇགས་ཤེས་བྱའི་གསོ་སྦྱོང་དང་ལེན་བྱེད་པའི་ཁེ་དབང་།
2. ཉེན་མེད་ཐོན་སྐྱེད་ཀྱི་གནས་ཚུལ་ཤེས་དབང་དང་གྲོས་མགོ་འདོན་དབང་།
3. བདེ་འཇགས་དོ་དམ་ལ་སྐྱོན་བརྗོད་དང་། ཐེར་འདོན་དང་ཞུ་གཏུག་བྱེད་དབང་།
4. སྒྲིག་སྲོལ་དང་འགལ་ནས་བཀོད་འདོམས་དང་ཉེན་ཁའི་བྱ་བ་བསྒྲུབ་པའི་བཀའ་རྒྱ་དང་ལེན་མི་བྱེད་པའི་ཁེ་དབང་།
5. ཛ་དྲག་གི་གནས་ཚུལ་འོག་བྱ་བ་སྒྲུབ་མཚམས་འཇོག་དགོས་པ་དང་ཕྱིར་འཐེན་བྱེད་པའི་ཁེ་དབང་།
6. ལས་རྨས་ཉེན་སྲུང་དང་ཤི་རྨས་ཀྱི་སྐྱིན་ཚབ་ལོངས་སུ་སྤྱོད་པའི་ཁེ་དབང་།
བདེ་འཇགས་ཐོན་སྐྱེད་འགན་འཁྲིའི་ཉེན་སྲུང་ལ་སྐུལ་འདེད་གཏང་དགོས་དོན་ཅི།
ཐོན་སྐྱེད་བདེ་འཇགས་ཀྱི་དོན་རྐྱེན་བྱུང་ཚེ།ཐ་ན་ཁེ་ལས་ཀྱིས་ཀྱང་སྔོན་འགོག་བྱེད་མི་ཐུབ་པར་རྒྱུན་ལྡན་ཐོན་སྐྱེད་ཚོང་གཉེར་བྱེད་སྒོར་ཤུགས་རྐྱེན་ཚབས་ཆེན་བཟོ་སྲིད་ཅིང་། ཁེ་ལས་ཀྱིས་ཐད་ཀར་ཚེ་སྲོག་དང་རྒྱུ་ནོར་ལ་གྱོང་གུད་ཐེབས་པའི་འགན་འཁུར་དགོས་པ་དང་སྦྲགས།དོན་རྐྱེན་ཀྱིས་དབང་གིས་ལས་མཚམས་བཞག་ནས་བྱུང་བའི་གཞན་བརྒྱུད་གྱོང་གུད་ཀྱི་འགན་ཡང་འཁུར་དགོས་པ་དང་།དེར་རྐྱེན་བྱས་ནས་ཁེ་ལས་ཆུང་འབྲིང་ཁ་ཤས་ལ་མ་དངུལ་འཁོར་རྒྱུག་བྱེད་མི་ཐུབ་པ་དང་ཐོན་སྐྱེད་ཚོང་གཉེར་བྱེད་སྒོ་སྤེལ་མི་ཐུབ་པའི་གནས་ཚུལ་དང་འཕྲད་སྲིད།
དེར་བརྟེན།བདེ་འཇགས་ཐོན་སྐྱེད་འགན་འཁྲིའི་ཉེན་སྲུང་བྱ་བ་ཁྱབ་སྤེལ་དུ་གཏོང་བ་དང་། ཉེན་སྲུང་ཀུང་སིའི་སྤྱི་ཚོགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་བདེ་འཇགས་ལྟ་སྐུལ་དོ་དམ་ལ་ཞུགས་པ་ནི།སྔོན་ལ་ཉེན་ཁ་སྔོན་འགོག་བྱེད་ཤུགས་ཆེ་རུ་གཏོང་བའི་ཁར། ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་གཙོ་བོའི་བདེ་འཇགས་འགན་འཁྲི་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ་དང་བདེ་འཇགས་ཐོན་སྐྱེད་ལ་མ་དངུལ་འཇོག་ཚད་མང་དུ་གཏོང་བ། བདེ་འཇགས་ཐོན་སྐྱེད་དོ་དམ་བྱེད་པར་ཤུགས་སྣོན་པ། དུས་ལྟར་དོན་རྐྱེན་གྱི་འབྱུང་རྐྱེན་སེལ་ཏེ་ཐོན་སྐྱེད་བདེ་འཇགས་དོན་རྐྱེན་རིགས་སྣ་ཚོགས་འབྱུང་བར་སྔོན་འགོག་དང་། ཁེ་ལས་ལ་དོན་རྐྱེན་ལས་བྱུང་བའི་དཔལ་འབྱོར་གྱི་གྱོང་གུད་ཇེ་ཉུང་དུ་གཏོང་བ་དང་། སྲིད་གཞུང་གི་སྤྱི་ཚོགས་འགན་ལེན་ཁུར་པོ་ཇེ་ཡང་དུ་གཏོང་བ་བཅས་ཀྱི་ཆེད་དུ་ཡིན།
བདེ་འཇགས་ཐོན་སྐྱེད་ཀྱི་སྒྲིག་ཁྲིམས་ཆེན་པོ་དྲུག
1. ཡུལ་དངོས་སུ་འགྲོ་སྐབས།ངེས་པར་བདེ་འཇགས་ཞྭ་མོ་གྱོན་དགོས་པ་དང་། ཞྭ་མོའི་སྒྲོག་ཐག་དམ་པོར་རྒྱག་དགོས་ལ་ངལ་རྩོལ་འགོག་སྲུང་ཡོ་བྱད་ཡང་དག་སྒོས་བེད་སྤྱོད་བྱ་དགོས།
2. སྨིས་གཉིས་ཡན་ནས་བར་སྣང་དུ་དཔྱངས་ཏེ་བྱ་བ་སྒྲུབ་སྐབས། བདེ་འཇགས་སྒྲིག་ཆས་མེད་པ་རྣམས་ཀྱིས་ངེས་པར་བདེ་འཇགས་སྐེ་རག་བཅིང་དགོས་པ་དང་ཉེན་སྲུང་ལྕགས་ཀྱུ་དཀྲི་དགོས།
3. མཐོ་ས་ནས་བྱ་བ་སྒྲུབ་སྐབས་རྒྱུ་ཆ་དང་ཡོ་བྱད་སོགས་གང་བྱུང་དུ་མར་འཕངས་མི་ཆོག
4. གློག་སྒུལ་འཁོར་ལོའི་སྒྲིག་ཆས་སྣ་ཚོགས་ལ་ངེས་པར་བློ་གཏད་ཆོག་པའི་བདེ་འཇགས་གནས་དང་ཐོག་འགོག་སྒྲིག་ཆས་དགོས་པར་མ་ཟད།དེ་ནམ་ཡང་བཀོལ་སྤྱོད་བྱ་ཐུབ་པར་བྱ་དགོས།
5. གློག་ཆས་དང་འཕྲུལ་ཆས་མི་ཤེས་པའི་མི་སྣས་དེ་བེད་སྤྱོད་བྱས་མི་ཆོག
6. འདེགས་སྒྲོམ་ཁུལ་དུ་འབྲེལ་མེད་མི་ཡོང་མི་ཆོག་ལ་དེའི་འོག་ཏུ་ལངས་ཀྱང་མི་ཆོག
བདེ་འཇགས་ཐོན་སྐྱེད་བྱེད་མི་ཆོག་པ་བཅུ།
1. བདེ་འཇགས་ཞྭ་མོ་མ་གྱོན་པར་ཨར་ལས་བྱ་ཡུལ་དུ་སོང་མི་ཆོག
2. མཁའ་དབྱིངས་སུ་ལས་ཀ་ལས་སྐབས།བདེ་འཇགས་དྲ་བ་དང་བདེ་འཇགས་ཐག་པ་མི་སྦྲེལ་བར་ཨར་ལས་བྱེད་མི་ཆོག
3. རྟིང་མཐོ་ལྷམ་དང་འདྲུད་ལྷམ་གྱོན་པའམ་རྐང་རྗེན་དུ་ལས་ཀ་ལས་མི་ཆོག
4. ལས་ཀའི་དུས་ཚོད་སྐབས་ཆང་འཐུང་མི་ཆོག་པ་དང་ཆང་འཐུངས་རྗེས་ལས་ཀ་ལས་མི་ཆོག
5. མཁའ་དབྱིངས་སུ་ལས་ཀ་ལས་སྤྱད་ཀྱི་དངོས་པོ་གང་འདོད་དུ་གཡུགས་མི་ཆོག
6. གློག་ཁུངས་ཀྱི་གློག་སྒོ་ལ་གློག་སྒོ་གཅིག་ལས་མང་དུ་བཀོལ་མི་ཆོག
7. གནད་དོན་ཡོད་པའི་འཕྲུལ་ཆས་འཁོར་སྐྱོད་བྱས་མི་ཆོག
8. འཕྲུལ་ཆས་ཀྱི་བདེ་འཇགས་འགོག་སྲུང་སྒྲིག་ཆས་འཐུས་ཚང་མིན་ཚེ་བེད་སྤྱོད་བྱས་མི་ཆོག
9. འདེགས་འཁོར་ལ་བཀོད་འདོམས་བྱེད་མཁན་མེད་པ་དང་། འབབ་གནས་གསལ་པོར་མཐོང་མི་ཐུབ་པར་གདེག་མི་ཆོག
10. མེ་འགོག་བཀག་སྡོམ་ཁུལ་དུ་ཐ་མག་འཐེན་མི་ཆོག