རང་ཁུལ་དང་ཧྲང་ཧའེ་གྲོང་ཁྱེར་ཞིང་ལས་ཚན་རིག་ཁང་དབར་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཞག་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-06-26   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

ཟླ་6ཚེས་24ཉིན་བདེ་ཆེན་ཁུལ་ཏང་སྲིད་འཐུས་མི་ཚོགས་པ་ཧྲང་ཧའེ་གྲོང་ཁྱེར་ཞིང་ལས་ཚན་རིག་ཁང་དུ་ཕེབས་ནས་འབྲེལ་མཐུད་ལས་དོན་སྤེལ་བ་རེད།

 ཁུལ་ཏང་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་དང་ཧྲང་ཧའེ་གྲོང་ཁྱེར་ཞིང་ལས་ཚན་རིག་ཁང་གི་ཏང་ཨུའི་ཧྲུའུ་ཅི་ཡོན་ཀྲང་ཚའེ་ཡིའུ་མིང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

 ཁུལ་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཝུའེ་ཏུང་དང་། ཁུལ་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལི་ཡན་ལན། ཧྲང་ཧའེ་གྲོང་ཁྱེར་ཞིང་ལས་ཚན་རིག་ཁང་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཞུས་ཝུའེ་ལིན་བཅས་ཚོགས་འདུར་ཞུགས་པ་རེད།

ཚོགས་འདུའི་ཐོག་ཁུལ་ཞིང་ལས་ཚན་རིག་ཁང་གི་འགན་འཁུར་བློ་མཐུན་གྱིས་རང་ཁུལ་གྱི་བཟའ་བྱའི་ཤ་མོའི་ཐོན་ལས་འཕེལ་རྒྱས་འགྲོ་ཚུལ་སྐོར་འོས་སྦྱོར་བྱས་པ་དང་ཁུལ་སྲིད་གཞུང་དང་ཧྲང་ཧའེ་གྲོང་ཁྱེར་ཞིང་ལས་ཚན་རིག་ཁང་དབར་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཞག་པ་རེད།

ལུའོ་ཁྲའོ་ཧྥེང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་ཞུས་ནས་ཧྲང་ཧའེ་ཞིང་ལས་ཚན་རིག་ཁང་གིས་བདེ་ཆེན་ལ་སེམས་ཁུར་དང་། རོགས་རམ། རྒྱབ་སྐྱོར་བཅས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད། ཁོང་གིས་རྒྱལ་ནང་གི་སྔོན་ཐོན་གྱི་ཞིང་ལས་ཚན་ཞིབ་སྒྲིག་གཞི་ཡིན་པའི་ཧྲང་ཧའེ་ཞིང་ལས་ཚན་རིག་ཁང་གིས་དུས་ཡུན་རིང་པོའི་ནང་ཚན་རྩལ་གྱིས་ཞིང་ལས་ལ་རོགས་རམ་དང་ཚན་རྩལ་གྱིས་ཞིང་ལས་དར་རྒྱས་གཏོང་བའི་ཐད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་ཡོད། ཉེ་བའི་ལོ་ཤས་རིང་བདེ་ཆེན་གྱིས་ཀྲུང་དབྱང་གིས་བོད་འབྲེལ་ས་ཁུལ་གྱི“གནང་བ་གསུམ་དང་ཕན་པ་གཅིག”གི་འཕེལ་རྒྱས་རྩ་དོན་དོན་འཁྱོལ་ནན་ཏན་བྱས་པ་དང་། ཞིང་ཨུའི“3815”འཐབ་ཇུས་འཕེལ་རྒྱས་དམིགས་ཚད་དམ་ཟབ་བྱས་ཏེ་བརྟན་ལྷིང་དང་། འཕེལ་རྒྱས། སྣོད་བཅུད་དང་མཐའ་མཚམས་བརྟན་པོ་བཅས་ཀྱི“དོན་ཆེན་བཞི”དམ་འཛིན་ཡག་པོ་བྱས་ནས་རིག་གནས་ཡུལ་སྐོར་དང་། ས་མཐོའི་ཁྱད་ཆོས་ལྡན་པའི་དེང་རབས་ཞིང་ལས། ལྗང་མདོག་ནུས་རྒྱུ། ལྗང་མདོག་གཏེར་ལས་བཅས་ཀྱི“ཐོན་ལས་ཆེན་པོ་བཞི”འཕེལ་རྒྱས་མགྱོགས་སུ་བཏང་ཡོད། ཐོན་ཁུངས་ཀྱི་རང་བྱུང་གི་ཁྱད་ཆོས་ལ་གཞི་ཚུགས་ནསབདེ་ཆེན་ཁུལ་གྱི་བཟའ་བྱའི་ཤ་མོའི་ཐོན་ལས་ཀྱི“3510”འཕེལ་རྒྱས་འཆར་འགོདདང་གཉེར་སྐྱོང་གཙོ་གཟུགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཏོན་པ་རེད། གོམ་སྟབས་རྗེས་མར་ཤར་ནུབ་མཉམ་ལས་སྟེགས་བུ་བརྒྱུད་ཧྲང་ཧའེ་གྲོང་ཁྱེར་ཞིང་ལས་ཚན་རིག་ཁང་གིས་བདེ་ཆེན་ས་མཐོའི་ཁྱད་ལྡན་ཞིང་ལས་དང་།  ཤེས་ལྡན་མི་སྣ་གསོ་སྐྱོང་། ཚན་རྩལ་འདེགས་སྐྱོར་སོགས་ཐད་བདེ་ཆེན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས་སློབ་གླིང་དང་ས་ཁུལ་གྱི་རིམ་པ་དེ་བས་མཐོ་བ་དང་དེ་བས་རྒྱ་ཆེ་བའི་ཁྱབ་ཁོངས་ཀྱི་མཉམ་ལས་འཕེལ་རྒྱས་འཚོལ་ཞིབ་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད། བདེ་ཆེན་ཁུལ་གྱིས་བརྒྱུད་རིམ་ཧྲིལ་པོའི་ཞབས་ཞུའི་འགན་ལེན་མཁོ་འདོན་བྱས་ནས་རྣམ་གྲངས་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

ཚའེ་ཡིའུ་མིང་གིས་བདེ་ཆེན་འཐུས་མི་ཚོགས་པ་དང་བཅས་པ་ཕེབས་པར་དགའ་བསུ་ཞུས་པ་རེད། ཁོང་གིས་ཉེ་བའི་ལོ་ཤས་རིང་བདེ་ཆེན་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད། གོམ་པ་རྗེས་མར། བདེ་ཆེན་ཁུལ་གྱིས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས་སྤུས་རྟགས་ཅན་གྱི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ཏེ་སྤུས་རྟགས་དང་ཐོན་ཁུངས་འདེགས་སྐྱོར་དུ་བྱས་ནས་ས་རྟགས་ཐོན་རྫས་ཧུར་ཐག་གཏོད་རྒྱུ་དང་། བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་དང་ཇུས་འགོད་ཞིབ་ཚགས་བྱས་ཏེ་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཁོང་གིས་ཧྲང་ཧའེ་ཞིང་ལས་ཚན་རིག་ཁང་གིས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་ས་མཐོའི་ཁྱད་ཆོས་ལྡན་པའི་དེང་རབས་ཞིང་ལས་དང་ཞིང་ལས་ཚན་རྩལ་གསར་གཏོད་སོགས་ཐད་ཀྱི་འབྲེལ་འདྲིས་བྱ་ཡུལ་འཚོལ་ཞིབ་ཧུར་ཐག་བྱས་ནས་བདེ་ཆེན་ཁུལ་དང་རིམ་པ་མཐོ་ལ་སྤུས་ཚད་མཐོ་བའི་མཉམ་ལས་བྱས་ཏེ་ཕྱོགས་གཉིས་ཀར་ནུས་པ་སྤྲོད་རྒྱུ་དང་ཐུན་མོང་ཐོག་འཕེལ་རྒྱས་བཏང་ནས་ལེགས་ཆ་གསབ་རེས་དང་མཉམ་ཁེ་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཐུན་མོང་ཐོག་འབྲི་རྒྱུ་ཡིན་ཞེས་གསུངས་པ་རེད།


ཁུལ་གྱི་འགོ་ཁྲིད་དབྱང་ཙི་ཅང་དང་། ཁྲེན་ཆུན། ཞུས་ཀོང་ཏེ། ཀྲོང་ཞའོ་ཕིང་བཅས་བཞུགས་མོལ་ནང་ཞུགས་པ་རེད།