ས་མཐོའི་ཁྱད་ལྡན་དེང་རབས་ཞིང་ལས་རིམ་བཞིན་འཕེལ་རྒྱས་བྱུང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-06-27   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་སེམས་ཀྱི་ཉི་ཟླ་སྐྱེ་དངོས་ཐོན་ཁུངས་གསར་སྤེལ་ཚད་ཡོད་ཀུང་སིའི་ཆེད་གཉེར་ཚོང་ཁང་དུ་འཛུལ་ན་ཁྱད་ལྡན་ཞིང་ལས་ཐོན་རྫས་ཁྲ་ཁྲ་སིལ་སིལ་ཡོད་པ་དང་། ཟས་རིགས་སོས་པོ་སྣ་ཚོགས་སོས་པ་ཆེད་ཁུལ་དུ་གྲལ་འགྲིག་པོས་བཞག་ཡོད་པ་མཐོང་ཐུབ།

        སེམས་ཀྱི་ཉི་ཟླ་སྐྱེ་དངོས་ཐོན་ཁུངས་གསར་སྤེལ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཏེང་ཝེན་ཀྲུང་གིས་ང་ཚོས་དྲ་ཐོག་དང་ཡུལ་དངོས་ཀྱི་ཐོན་ལས་ཐོན་ཁུངས་སྡེབ་སྒྲིག་བྱེད་དེ་ནུས་ཆེ་དང་སྟབས་བདེའི་གློག་རྡུལ་ཚོང་དོན་ཞབས་ཞུ་སྟེགས་བུ་བེད་སྤྱོད་བྱས་ནས་བདེ་ཆེན་གྱི་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་དུ་བསྐྱོད་དུ་བཅུག་པ་ཡིན་ཞེས་ཟེར།

图片

        ཉེ་བའི་ལོ་ཤས་རིང་། བདེ་ཆེན་ཁུལ་གྱིས་ས་མཐོའི་ཁྱད་ལྡན་ཞིང་ལས་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ་དང་། 2023ལོར་བདེ་ཆེན་ཁུལ་ཞིང་ལས་དང་གྲོང་གསེབ་ཀྱི་དཔལ་འབྱོར་ལ་འཕེལ་རྒྱས་བཟང་པོ་བྱུང་བ་དང་། ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར་20.46ཟིན་པ་དང་དུས་མཚུངས་ལས་4.2%འཕར་བ། འཕར་ཚད་དེ་ཞིང་ཆེན་ཡོངས་དང་གཅིག་མཚུངས་ཡིན་ཏེ་ཞིང་ཆེན་ཡོངས་ཀྱི་ཨང་9པར་གནས་ཡོད། གྲོང་གསེབ་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་བྱེད་ཆོག་པའི་ཡོང་འབབ་སྒོར་13447ཟིན་པ་དང་དུས་མཚུངས་ལས་9.3%འཕར་ཏེ་ཞིང་ཆེན་ཡོངས་ཀྱི་ཨང་3པར་གནས་ཡོད། སེམས་ཀྱི་ཉི་ཟླའི་ཁྱད་ལྡན་ཕྱུགས་བྱ་དང་འཇོལ་གྱི་རྒུན་འབྲུམ། འབའ་ལུང་གི་ཀྲུང་ལུགས་སྨན་རྩྭ་བཅས་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་རགས་ཙམ་ཆགས་ཡོད། ཁུལ་རིམ་པའི་“ལྗང་མདོག་ཟས་རིགས་སྤུས་རྟགས”ཀྱི་ཐོན་ལས་རྟེན་གཞི་72དང་གཞི་ཁྱོན་ཆེ་བའི་གསོ་སྤེལ་ར་བ་175བཙུགས་པ། ཁྱོན་“ཐོན་རྫས་གསུམ་པ་དང་མཚོན་རྟགས་གཅིག་”གི་དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་ཐོན་རྫས་187དང་། རྫོང་རིམ་པའི་ཞིང་ལས་སྣེ་འདྲེན་ཁེ་ལས་102ཡོད།

图片

        མིག་སྔར། བདེ་ཆེན་ཁུལ་གྱི་རྒུན་འབྲུམ་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་1.9ཡས་མས་སུ་བརྟན་པོ་བྱུང་བ་དང་། ལོ་རེར་རྒུན་འབྲུམ་ཏུན་5600ལྷག་ཐོན་པ། རྒུན་འབྲུམ་འདེབས་འཛུགས་དེ་ཁུལ་ཡོངས་ཀྱི་ཞིང་དུད་5000གི་ཞིང་པ་ཁྲི་2ལྷག་དང་འབྲེལ་བ་ཡོད། རྒུན་འབྲུམ་མུའུ་རེར་ལོ་རེའི་ཡོང་འབབ་ཁེ་གཙང་སྒོར་5000ཡན་ཟིན་པ་དང་། ཞིང་དུད་ཀྱི་ལོ་རེའི་འབབ་འཕར་སྒོར་3500ཡན་ཡོང་བར་སྐུལ་ཁྲིད་བྱས་པ། ཀྲུང་ལུགས་སྨན་རྩྭ་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་12.58ཟིན་པ་དང་ཐོན་ཚད་ཏུན་ཁྲི་4.76ཙམ་ཡོད་དེ། ལོ་རེའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་8.43ཙམ་ཟིན་པ། བདེ་ཆེན་ནི་ཡུན་ནན་གྱི་རི་སྐྱེས་བཟའ་བྱའི་ཤ་མོའི་ཁྱབ་ཁུལ་གཙོ་བོ་དང་གཙོ་གནད་ཐོན་ཁུལ་གྱི་གྲས་ཤིག་ཡིན་ལ། བེ་ཤ་དང་ཀུ་ཀུ་ཤ་མོ་སོགས་རིགས་136ཡོད་པས་འཛམ་གླིང་གི་རིགས་2500ཙམ་གྱི་5.44%ཟིན་པ་དང་ཀྲུང་གོའི་རིགས་1000ཙམ་གྱི་13.6%ཟིན། ཡུན་ནན་གྱི་རིགས་900ཙམ་གྱི་15.11%ཟིན་པ་རེད། བདེ་ཆེན་ཁུལ་གྱི་ཤང་དང་གྲོང་རྡལ་29རུ་རི་སྐྱེས་བཟའ་བྱའི་ཤ་མོ་ཁྱབ་ཡོད། 2023ལོའི་བར་དུ། བདེ་ཆེན་ཁུལ་དུ་བཟའ་བྱའི་ཤ་མོ་འདེབས་འཛུགས་དང་ལས་སྣོན། ཕྱིར་ཚོང་སོགས་བྱེད་པའི་ཁེ་ལས་59ཡོད་པ་དང་དེའི་ཁྲོད་དུ་རྫོང་རིམ་པ་ཡན་གྱི་བཟའ་བྱའི་ཤ་མོ་ལས་སྣོན་སྣེ་འདྲེན་ཁེ་ལས་11དང་། མཉམ་ལས་ཁང་6ཡོད་པ་དང་། རང་བདག་ཆེད་དོན་ལག་རྩལ་2ཞིབ་འཇུག་གསར་སྤེལ་བྱེད་ཡོད། ལོ་རེར་ཞིང་དུད་མི་ཐེངས་5000གསོ་སྦྱོང་བྱས་པ་དང་ཕྱོགས་བསྡུས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་5.2ཙམ་མངོན་འགྱུར་བྱུང་ཡོད།

图片

        རྩ་འཛུགས་ཅན་དང་འོས་འཚམ་གཞི་ཁྱོན་ཅན། ཐོན་ལས་ཅན། ཚད་ལྡན་ཅན། སྤུས་རྟགས་ཅན་བཅས་ཀྱི་དམིགས་འབེན་ལྟར། བདེ་ཆེན་ཁུལ་གྱིས་ས་གནས་ཀྱི་ཁྱད་ལྡན་ཐོན་རྫས་ལ་དམིགས་ཏེ་ཕྱོགས་གཅིག་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་“གཅིག་དྲུག་”གི་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། ཕྱོགས་གཞན་ཞིག་ནས་སོན་རིགས་དར་རྒྱས་གཏོང་བའི་བྱ་སྤྱོད་ལག་བསྟར་ཡག་པོ་བྱེད་དེ། ཞིང་ལས་ཀྱི་སྒྲིག་ཆས་འཛུགས་སྐྲུན་དང་ཞིང་ལས་ཐོན་རྫས་ཀྱི་ལས་སྣོན་ཞིབ་ཚགས་བྱེད་ཤུགས་ཆེ་རུ་གཏོང་བ། གྲང་སྦྲེལ་ཟོག་འགྲེམས་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། གྲོང་གསེབ་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་ཤུགས་སྣོན་བརྒྱབ་པ་དང་གྲངས་འཛིན་ཞིང་ལས་འཛུགས་སྐྲུན་གྱི་གོམ་སྟབས་མགྱོགས་སུ་གཏོང་བ། རྒུན་འབྲུམ་དང་ཀྲུང་ལུགས་སྨན་རྩྭ། ཁྱད་ལྡན་ཕྱུགས་བྱ། བཟའ་བྱའི་ཤ་མོ་སོགས་དགེ་མཚན་ལྡན་པའི་གཙོ་ཁྲིད་ཐོན་ལས་བྱས་པའི་ས་མཐོའི་ཁྱད་ལྡན་དེང་རབས་ཞིང་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་རེད།