རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-06-27   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་དང་པའོ་ཧྲན་ཆུས་ཨུའི་ཧྲུའུ་ཅི་ལི་ཁྲིན་ཧའོ་ཚོགས་འདུར་ཞུགས་པ་དང་གསུང་བཤད་གནང་བ།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཝེ་ཏུང་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ལི་ཡན་ལན་ཚོགས་འདུར་ཞུགས་པ། པའོ་ཧྲན་ཆུས་ཨུའི་ཧྲུའུ་ཅི་གཞོན་པ་ལུའུ་དབྱི་དབྱི་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ།
ལུའོ་ཁྲའོ་ཧྥེང་གིས་ཉེ་བའི་ལོ་འགའི་རིང་།བདེ་ཆེན་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་གྲུབ་འབྲས་གསར་པ་ཐོབ་པ་དང་། གྲུབ་འབྲས་འདི་དག་ཐོབ་པ་ནི་པའོ་ཧྲན་ཆུས་ཀྱིས་རོགས་སྐྱོར་ཆེན་པོ་དང་ཁ་འབྲལ་ཐབས་མེད། དེའི་ཐད་ང་ཚོས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། པའོ་ཧྲན་ཆུས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐུབ་པ་དང་ང་ཚོའི་སེམས་ལ་སྐུལ་མ་གཏོང་བ་དང་ཕན་པ་མི་ཆུང་བ་ཐོབ་བྱུང་། གོམ་སྟབས་རྗེས་མར། པའོ་ཧྲན་ཆུས་ཀྱིས་ཁ་གཏད་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་བདེ་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་རོགས་སྐྱོར་བྱ་རྒྱུའི་རེ་བ་བཏོན་པ།
ལི་ཁྲིན་ཧའོ་གིས་པའོ་ཧྲན་ཆུས་ཀྱིས་ཏང་ཀྲུང་དབྱང་དང་ཧྲང་ཧེན་གྲོང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་ཤར་ནུབ་མཉམ་ལས་དང་ཁ་གཏད་རོགས་སྐྱོར་ལས་ཀའི་བཀོད་སྒྲིག་རྒྱུན་མཐུད་ཀྱིས་དོན་འཁྱོར་མཐར་ཕྱིན་དང་ནན་ཏན་གྱིས་“མི་བཅད་པ་བཞི”ཞེས་པའི་བླང་བྱ་དོན་འཁྱོལ་བྱས་ནས་རྒྱུན་མཐུད་ངང་ཐུན་མོང་ཐོག་ཡར་རྒྱས་དང་དར་རྒྱས། ཁེ་ཕན་ཐོབ་པའི་ལེའུ་གསར་པ་འབྲི་རྒྱུ། གོམ་སྟབས་རྗེས་མར། པའོ་ཧྲན་ཆུས་ཀྱིས་“རྫོང་གཅིག་ལས་རིགས་གཅིག”ཞེས་པའི་འཕེལ་རྒྱས་བསམ་ཕྱོགས་ལ་གཞིགས་ནས། འབའ་ལུང་རྫོང་གིས་སྲོག་ཤིང་ཐོན་ལས་ལ་འཕེལ་རྒྱས་དང་ཆེ་རུ་གཏོང་བར་རོགས་རམ་བྱེད་རྒྱུ། ཞིང་ལས་ཐོན་རྫས་ཀྱི་ཐོན་ཁུངས་དང་རིག་གནས་ཡུལ་སྐོར་ཐོན་ཁུངས་ཀྱི་གསར་གཏོད་ལ་རྒྱུན་མཐུད་ཀྱིས་ཟབ་རྨོས་བྱས་ནས་འབའ་ལུང་གིས་དཔལ་འབྱོར་འཕར་ས་གསར་པ་སྐྱེད་སྲིང་གཏོང་བར་འབད་བརྩོན་གྱིས་རོགས་རམ་བྱེད་རྒྱུ། འབའ་ལུང་གིས་ཆེད་ལས་ངར་བའི་རང་ཡུལ་གྱི་སློབ་གསོ་དང་སྨན་བཅོས་མི་སྣའི་རུ་ཁག་གཅིག་འཛུགས་པར་རོགས་རམ་བྱེད་རྒྱུ། སྔར་ལས་ལྷག་པར་ས་ཆ་གཉིས་ཀྱི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་ཞེས་བསྟན།
ཚོགས་འདུ་མ་འཚོགས་གོང་བདེ་ཆེན་ཁུལ་ཏང་སྲིད་འཐུས་མི་ཚོགས་པས་ཚན་གཏོད་མགྲོན་གཏུག་ཁང་དང་ཝུའུ་སུང་ཁོའུ་རྒྱལ་སྤྱིའི་སྦྲག་སྲིད་གྲུ་གཟིངས་གྲུ་ཁར་ལྟ་སྐོར་རྟོག་ཞིབ་བྱས།
རང་ཁུལ་གྱི་འགོ་ཁྲིད་ཁྲིན་ཆོནདང་། ཞུས་ཀོང་ཏེ།ཀྲོང་ཞའོ་ཕིན།པའོ་ཧྲན་ཆུས་ཀྱི་འགོ་ཁྲིད་ཁྲིན་ཧུའེ་ཆིན་བཞུགས་མོལ་ཚོགས་འདུར་ཞུགས་ཡོད།