བདེ་ཆེན་ཁུལ་ཏང་སྲིད་འཐུས་མི་ཚོགས་པས་ཅ་ཏིང་ཆུས་དང་བཞུགས་མོལ་སྤེལ་རེས་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-06-27   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    

    ཟླ་6ཚེས་25ཉིན་བདེ་ཆེན་ཁུལ་ཏང་སྲིད་འཐུས་མི་ཚོགས་པས་ཅ་ཏིང་ཆུས་དང་བཞུགས་མོལ་སྤེལ་རེས་བྱས་པ་རེད།

    ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་ཚོགས་འདུར་ཞུགས་པ་དང་གསུང་བཤད་གནང་ལ་ཅ་ཏིང་ཆུས་ཏང་ཨུའི་ཧྲུའུ་ཅི་ལུའུ་ཧྥང་ཀྲོའུ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གནང་།

    ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཁུལ་དཔོན་ཀྲང་ཝེ་ཏུང་དང་ཁུལ་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལི་ཡན་ལན་ཚོགས་འདུར་ཞུགས་པ་རེད།

    ལུའོ་ཁྲའོ་ཧྥེང་གིས་འདས་ཟིན་པའི་ལོ་གཅིག་ནང་ཅ་ཏིང་ཆུས་ཀྱིས་འཇོལ་རྫོང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་ལམ་སྲོལ་སྔར་བས་འཐུས་ཚང་དུ་ཕྱིན་པ་དང་ཕྱོགས་གཉིས་པོའི་འབྲེལ་མཐུད་ཟམ་མི་ཆད་པར་གཏིང་ཟབ་ཏུ་ཕྱིན་ནས་ཁ་གཏད་རོགས་སྐྱོར་རྣམ་གྲངས་ཚང་མ་འཛུགས་སྐྲུན་ལེགས་གྲུབ་བྱུང་བ་དང་འབྲེལ་ནུས་པ་འདོན་སྤེལ་བྱས་པས་ཁ་གཏད་རོགས་སྐྱོར་ལ་གྲུབ་འབྲས་གསར་པ་ཐོབ་ཡོད། ལྷག་པར་དུ་སྨན་བཅོས་སློབ་གསོའི་རོགས་སྐྱོར་སྔར་བས་གཏིང་ཟབ་ཏུ་ཕྱིན་ནས་འཇོལ་རྫོང་གི་སློབ་གསོ་དང་སྨན་བཅོས་ཞབས་ཞུའི་སྤུས་ཚད་མཐོ་རུ་ཕྱིན་ནས་ཏེ་མང་ཚོགས་ཀྱི་སྒོ་འགྲམ་ནས་སློབ་སྦྱོང་ལ་དགའ་པོ་དང་ནད་ཡག་པོ་ཡོང་བ་བྱས་ཡོད་པ་བསྟན།འཛད་སྤྱོད་ལས་ཞུགས་ཀྱི་རོགས་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་ཕྱིན་ནས་འཇོལ་རྫོང་གི་རྒུན་ཆང་དང་། སྟར་ཁ་སྣུམ། སྐྱུ་རུའི་སྣུམ། སྦྲང་རྩི་སོགས་ས་མཐོའི་ཁྱད་ལྡན་ཞིང་ཞོར་ཐོན་རྫས་དབུལ་སྐྱོར་སྒོ་རྩིས་ཚོང་ཁང་དང་། གློག་རྡུལ་ཚོང་དོན། བཟོ་ཚོགས་ཀྱི་ལག་རྟགས་ཁུག་མ་སོགས་ཀྱི་ཐབས་ལམ་བརྒྱུད་ཧྲང་ཧའེ་གྲོང་མིའི་ཁྱིམ་དུ་བསྐྱོད་པ་རེད། དུས་མཚམས་རྗེས་མར་བདེ་ཆེན་ཁུལ་གྱིས་གྲོང་ཁྱེར་འཛུགས་སྐྲུན་དང་། ཐོན་ལས་འཕེལ་རྒྱས། གྲོང་གསེབ་དར་རྒྱས་གཏོང་བ་སོགས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཅ་ཏིང་ཆུས་ཀྱིས་བསགས་པའི་ཉམས་མྱོང་རྩ་ཆེན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་དང་། ཅ་ཏིང་ཆུས་ཀྱི་རོགས་སྐྱོར་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱས་ནས་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་དེ་བས་ལེགས་པ་གཏོང་རྒྱུ་ཡིན་པ་རེད།

    ལུའུ་ཧྥང་ཀྲོའུ་ཡིས་2004ལོར་ཕྱོགས་གཉིས་པོས་ཁ་གཏད་རོགས་སྐྱོར་གྱི་འབྲེལ་བ་དངོས་སུ་བཙུགས་པ་དང་ད་བར་ཏག་ཏག་ལོ་20སོང་ཡོད། དེའི་རིང་ཕྱོགས་གཉིས་པོས་དཔུང་པ་མཉམ་གཤིབ་དང་ལག་གདང་སྦྲེལ་ནས་ཐུན་མོང་ཐོག་འབད་འཐབ་བྱས་ཏེ་ཁ་གཏད་རོགས་སྐྱོར་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་རྒྱུར་སྐུལ་འདེད་བཏང་ནས་ཕྱོགས་གཉིས་སུ་བསྐྱོད་རྒྱུ་དང་མཉམ་ལས་གཉིས་ཕན་ཡོང་བ་བྱས་ཡོད། ལུའུ་ཧྥང་ཀྲོའུ་ཡིས་ཉེ་བའི་ལོ་ཤས་རིང་བདེ་ཆེན་གྱི་འཕེལ་རྒྱས་ཉིན་རེ་བཞིན་རྣམ་པ་གསར་པ་ཐོན་ནས་མི་རྣམས་ལ་སྐུལ་མ་ཐེབས་པ་ཞིག་ཡིན། ཕྱོགས་གཉིས་པོས་འགོ་འཛུགས་ས་གསར་པའི་ཐོག་ས་གནས་གཉིས་ཀྱི་ཁ་གཏད་མཉམ་ལས་སླར་ཡང་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད། ཅ་ཏིང་གིས་ཀྲུང་དབྱང་དང་ཧྲང་ཧའེ་གྲོང་ཁྱེར་ཨུ་ལྷན་གྱི་བཀོད་སྒྲིག་གཞིར་བཟུང་རྣམ་གྲངས་འདེགས་སྐྱོར་དང་། ཐོན་ལས་དར་རྒྱས་གཏོང་བ། དམངས་འཚོ་ལེགས་བཅོས། རིག་གནས་སྤེལ་རེས་བཅས་ཐད་སླར་ཡང་ཤུགས་སྣོན་བརྒྱབ་སྟེ་དེ་བས་ཆེ་བ་དང་དེ་བས་དོན་དངོས་ཀྱི་བྱེད་ཐབས་ཐོག་ནས་ཁ་གཏད་རོགས་སྐྱོར་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུ་ཡིན་ཞེས་བསྟན།

    ཚོགས་འདུ་མ་འཚོགས་གོང་བདེ་ཆེན་ཁུལ་ཏང་སྲིད་འཐུས་མི་ཚོགས་པས་མ་ལུའུ་རྒུན་འབྲུམ་བརྗོད་བྱ་གཙོ་བོའི་སྤྱི་གླིང་དང་། བྱང་ཀོན་གྲོང་ཚོའི་གྲོང་གསེབ་དར་རྒྱས་གཏོང་སྟོན། ཅ་ཏིང་གྲོང་གསེབ་གསར་པའི་འཆར་འགོད་འགྲེམས་སྟོན་ཁང་བཅས་ལ་ལྟ་སྐོར་དང་རྟོག་ཞིབ་བྱས་པ་རེད། ཁུལ་གྱི་འགོ་ཁྲིད་ཁྲེན་ཆུན་དང་། ཞུས་ཀོང་ཏེ། ཀྲོང་ཞའོ་ཕིང་། ཅ་ཏིང་ཆུས་ཀྱི་འགོ་ཁྲིད་ཡའོ་ཝེ་ཧྭ་དང་ཝུའེ་ཞའོ་ཏུང་བཅས་བཞུགས་མོལ་ལ་ཞུགས།