པད་མ་རི་བོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱིས་ཏན་སྤྲེའུ་སྤུ་སེར་40རི་ཐང་དུ་བཏང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-06-28   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་སྔོན། པད་མ་རི་བོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱིས་ཞང་ཀུའུ་ཆིང་གི་ཏན་སྤྲེའུ་སྤུ་སེར་འགྲེམས་སྟོན་སྤྲེའུ་ཁྱུ་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ཁྱུ་བགོས་ཏེ་ཏན་སྤྲེའུ་སྤུ་སེར་40སྲུང་སྐྱོང་ཁུལ་གྱི་ཀོ་མོ་རོང་ནགས་ཁུལ་གྱི་ཀ་ཚེ་མཚེའུ་ས་ཁོངས་སུ་སྲུང་སྐྱེལ་བྱས་པ་རེད། འདི་ནི་ད་ལྟའི་བར་དུ་སྲུང་སྐྱོང་ཁུལ་གྱིས་བཏང་བའི་ཏན་སྤྲེའུ་སྤུ་སེར་གྲངས་འབོར་ཆེས་མང་བ་དང་གཞི་ཁྱོན་ཆེས་ཆེ་བའི་ཐེངས་ཤིག་ཡིན།
图片
图片
图片
图片
图片
图片
    ཏན་སྤྲེའུ་སྤུ་སེར་40དེའི་ནང་སྒྲིག་གཞི་ཆ་ཚང་བའི་ཁྱིམ་ཚང་ཚན་པ་གསུམ་དང་ཕོ་ཡོངས་ཚན་པ་གཅིག་ཚུད་ཡོད་པ་དེའི་ནང་ལོ་ན་ཆུང་ཤོས་ཀྱི་སྤྲེའུ་ཟླ་བ་གསུམ་ལས་འགོར་གྱི་མེད། ཤེས་རྟོགས་བྱུང་བར་གཞིགས་ན་ཕྱིར་མ་བཏང་གོང་སྲུང་སྐྱོང་ཁུལ་གྱི་སྤྲེའུ་སྲུང་མི་ཚོས་སྔོན་ཚུད་ནས་ཇུས་འགོད་བྱས་པ་དང་ཁོང་ཚོས་ཕྱིར་བཏང་བའི་ཏན་སྤྲེའུ་སྤུ་སེར་ཁག་གཅིག་ལ་གནས་གཏན་འཁེལ་ཆས་སྒྲིག་སྦྱོར་བྱས་པ་རེད། དེའི་རྗེས་སུ་སྤྲེའུ་ཁྱུ་བདམས་ཟིན་པའི་ས་ཁོངས་སུ་ཁྲིད་སྟོན་བྱས་པ། བཏང་ཡུལ་དུ་སླེབས་རྗེས་སྤྲེའུ་སྲུང་མི་ཚོས་སྤྲེའུ་ཁྱུའི་གནས་ཚུལ་ལ་རྗེས་འདེད་ལྟ་ཞིབ་ནན་པོ་བྱས་ཏེ་དེ་དག་བདེ་བླག་ངང་ཕྱི་རོལ་གྱི་སྤྲེའུ་ཚོགས་ནང་འདྲེས་ཐུབ་པའི་འགན་ལེན་བྱས་རྗེས་གཞི་ནས་ཕྱིར་ལོག་བྱས་པ་རེད།
图片
图片
图片
    ཤེས་རྟོགས་བྱུང་བར་གཞིགས་ན་ཞང་ཀུའུ་ཆིང་ཏན་སྤྲེའུ་སྤུ་སེར་འགྲེམས་སྟོན་ཚོགས་པ་2011ལོ་ནས་ད་བར་སྔ་རྗེས་སུ་ཚོགས་པ་ཐེངས་6བགོས་པ་དང་། རི་ཐང་དུ་བཏང་བའི་གྲངས་འབོར་125ཟིན་ནས་ཏན་སྤྲེའུ་སྤུ་སེར་རི་སྐྱེས་ཚོགས་པའི་གྲངས་འབོར་སྔར་བས་ཁ་གསབ་བྱས་པ་དང་གཞི་རྒྱུ་སྤེལ་རེས་ལ་སྐུལ་འདེད་བཏང་ཡོད། དཀོན་ཞིང་རྩ་ཆེ་ལ་སྟོངས་ལ་ཉེ་བའི་སྐྱེ་དངོས་རིགས་སྲུང་སྐྱོང་བྱེད་པའི་ལས་དོན་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་བ་དང་ཆབས་ཅིག་འཛམ་གླིང་གི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་བློ་གྲོས་ལའང་ལེགས་སྐྱེས་ཕུལ་ཡོད།