རང་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པ་ཧྲང་ཧའེ་ཡི་ཁེ་ལས་མང་པོ་ཞིག་ལ་ཚོང་འགུགས་རྟོག་ཞིབ་བྱེད་པར་ཕེབས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-06-28   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཟླ་6པའི་ཚེས་26ཉིན་ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་རུ་ཁག་སྣེ་ཁྲིད་དེ་ཧྲང་ཧའེ་རྒྱལ་ཁབ་ལྗང་མདོག་འཕེལ་རྒྱས་ཐེབས་རྩ་མ་རྐང་ཚད་ཡོད་ཀུང་སི་དང་།    ཞང་ཡོན་མ་རྐང་ཚོད་འཛིན་ཚོགས་པ།    ཅིན་ཅང་རྒྱལ་སྤྱི(ཚོགས་པ)ཚད་ཡོད་ཀུང་སི་བཅས་སུ་ཚོང་འགུགས་རྟོག་ཞིབ་བྱས་ནས་འབྲེལ་ཡོད་ཁེ་ལས་དང་འབྲེལ་གཏུག་སྤེལ་རེས་གཏིང་ཟབ་བྱས་ཏེ་མཉམ་ལས་འཚོལ་ཞིབ་བྱས་པ་རེད།   

        རྒྱལ་ཁབ་ལྗང་མདོག་འཕེལ་རྒྱས་ཐེབས་རྩ་མ་རྐང་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཀྲང་རུང་ཆིང་དང་།    ཅིན་ཅང་རྒྱལ་སྤྱིའི་ཚོགས་པའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཙུང་ཚའེ་ཀྲང་ཞའོ་ཆང་།    ཞང་ཡོན་མ་རྐང་ཚོད་འཛིན་ཚོགས་པའི་ཏུང་ཧྲི་ཀྲང་ཡུས་ཧྥ་ཞང་བཅས་ཁག་སོ་སོར་བཞུགས་མོལ་ནང་ཞུགས་པ་རེད།   

        རྒྱལ་ཁབ་ལྗང་མདོག་འཕེལ་རྒྱས་ཐེབས་རྩ་མ་རྐང་ཚད་ཡོད་ཀུང་སིར་ལུའོ་ཁྲའོ་ཧྥེང་གིས་རྒྱལ་ཁབ་ལྗང་མདོག་འཕེལ་རྒྱས་ཐེབས་རྩ་ནི་ལྗང་མདོག་འཕེལ་རྒྱས་ཁྱབ་ཁོངས་ཀྱི་རྒྱལ་ཁབ་རུ་ཁག་དང་པོ་དེ་ཡིན་པ་དང་རྒྱལ་ནང་གི་ལྗང་མདོག་མ་འཇོག་ཁྱབ་ཁོངས་ཀྱི་སྣེ་འདྲེན་ཁེ་ལས་ཤིག་རེད།     བདེ་ཆེན་ནི་རྒྱལ་ཡོངས་ཀྱི་སྣོད་བཅུད་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་ཁུལ་ཞིག་ཡིན་པ་དང་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ཡོད།    ཉེ་བའི་ལོ་ཤས་རིང་ས་མཐོའི་ཁྱད་ཆོས་ལྡན་པའི་དེང་རབས་ཞིང་ལས་དང་།    རིག་གནས་ཡུལ་སྐོར་ཐོན་ལས།    ལྗང་མདོག་ནུས་རྒྱུ།    ལྗང་མདོག་གཏེར་ལས་སོགས་ཐོན་ལས་འཕེལ་རྒྱས་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།     རྒྱལ་ཁབ་ལྗང་མདོག་འཕེལ་རྒྱས་ཐེབས་རྩ་དང་སྤེལ་རེས་མཉམ་ལས་གཏིང་ཟབ་བྱས་ནས་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།   

        ཀྲང་རུང་ཆིང་གིས་བདེ་ཆེན་ནི་འབྲི་ཆུ་དང་རྫ་ཆུ་གཙང་པོའི་སྟོད་རྒྱུད་ཀྱི་ཆུ་ཁུངས་གསོ་སྐྱོང་ཁུལ་གལ་ཆེན་ཞིག་དང་ཡུན་ནན་ནུབ་བྱང་གི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་རེད།     ཕྱོགས་གཉིས་པོས་རིག་གནས་ཡུལ་སྐོར་དང་།    ལྗང་མདོག་ནུས་རྒྱུ།    ཆུའི་ཁོར་ཡུག་བཅོས་སྐྱོང་སོགས་ཐད་མཉམ་ལས་གཏིང་ཟབ་བྱས་ནས་གཉིས་ཕན་གཉིས་ཕན་ཡོང་བའི་རེ་བ་ཡོད་ཅེས་གསུངས་པ་རེད།   

        ཅིན་ཅང་རྒྱལ་སྤྱིའི་ཚོགས་པར་ལུའོ་ཁྲའོ་ཧྥེང་གིས་ཅིན་ཅང་རྒྱལ་སྤྱི་བདེ་ཆེན་དུ་འཕེལ་རྒྱས་གཏོང་བར་ཕེབས་པར་དགའ་བསུ་ཞུས་པ་དང་།    ཀུང་སིའི་འཕེལ་རྒྱས་འདུ་ཤེས་དང་།    འཕེལ་རྒྱས་བསམ་གཞིགས།    འགྲུལ་རྒྱུན་བཅས་བདེ་ཆེན་དུ་འཁྱེར་ནས་བདེ་ཆེན་ལ་རོགས་རམ་བྱས་ཏེ་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་དང་།    དུས་ཡུན་ཡོངས་ཀྱི་ཡུལ་སྐོར། རྒྱུ་རྐྱེན་གཙོ་བོ་ཡོངས་ཀྱི་ཡུལ་སྐོར་བཅས་བསྐྲུན་ནས་འཛམ་གླིང་རིམ་པའི་སྤུས་རྟགས་“སེསམ་ཀྱི་ཉི་ཟླ”དེ་ཅིན་ཅང་རྒྱལ་སྤྱིའི་“མྱུར་འཁོར”དེར་སྡོད་དུ་བཅུག་པ་རེད། 

        ཀྲང་ཞའོ་ཆང་གིས་ཅིན་ཅང་ཚོགས་པས་ཚོགས་པའི་ཐོན་ལས་སྦྲེལ་ཐག་གི་ལེགས་ཆ་དང་།    ཞབས་ཞུའི་ལེགས་ཆ།    ཁྲོམ་རའི་ལེགས་ཆ་བཅས་ལ་གཞི་ཚུགས་ནས་བདེ་ཆེན་ཡུལ་སྐོར་གསར་སྤེལ་ལ་ཕྱོགས་ཡོངས་དང་འབྲེལ་ཐག་ཆ་ཚང་གི་ཐག་གཅོད་ཇུས་གཞི་མཁོ་འདོན་བྱས་ཏེ་ཅིན་ཅང་ཁོངས་གཏོགས་ཀྱི་སྤུས་ལེགས་ཞབས་ཞུའི་སྤུས་རྟགས་དང་གསར་གཏོད་ཞབས་ཞུའི་འདུ་ཤེས་དེ་བདེ་ཆེན་གྱི་སྤུས་ལེགས་རིག་གནས་ཡུལ་སྐོར་རྣམ་གྲངས་ཇུས་འགོད་དང་།    འཛུགས་སྐྲུན།    གཉེར་སྐྱོང་བཅས་ཀྱི་ནང་ཟབ་འདྲེས་བྱས་ཏེ་བདེ་ཆེན་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་རོགས་རམ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།   

        ཞང་ཡོན་མ་རྐང་ཚོད་འཛིན་ཚོགས་པར་ལུའོ་ཁྲའོ་ཧྥེང་གིས་ཞང་ཡོན་མ་རྐང་ཚོད་འཛིན་ཚོགས་པ་ནི་ཀྲུང་གོའི་ཡུལ་སྐོར་ཁེ་ལས་སྟོབས་ཆེན་20ཡིན།     བདེ་ཆེན་གྱིས་ཞང་ཡོན་མ་རྐང་ཚོད་འཛིན་ཚོགས་པ་དང་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ་དང་ཤེས་རྟོགས་ཟབ་ཏུ་བཏང་ནས་མཉམ་འབྲེལ་གསར་སྤེལ་དང་།    ནང་དོན་གཉེར་སྐྱོང་།    གྲངས་འཛིན་ཅན་གྱི་ལས་སྒོ་སོགས་ཐད་མཉམ་ལས་དང་འབྲེལ་འདྲིས་བྱེད་ས་དེ་བས་མང་བ་བཙལ་ཏེ་བདེ་ཆེན་གྱི་རིག་གནས་ཡུལ་སྐོར་གྱི་ལས་རིགས་དང་།    རྣམ་པ།    ཐོན་རྫས་གསར་གཏོད་དང་དེ་བཞིན་ཞབས་ཞུ་ཕུལ་བྱུང་གཏོད་རྒྱུར་ཐུན་མོང་ཐོག་སྐུལ་འདེད་བཏང་ནས་གཉིས་ཕན་ཡོང་བ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།   

        ཡུས་ཧྥ་ཞང་གིས་ཞང་ཡོན་དང་བདེ་ཆེན་དབར་འཛམ་གླིང་རིམ་པའི་ཡུལ་སྐོར་བྱ་ཡུལ་འཛུགས་སྐྲུན་བྱེད་པའི་མཐོ་ཚད་ཐོག་ལངས་ནས་རྣམ་གྲངས་འོས་འཚམ་འཇུག་སྒོར་བྱས་ཏེ་ཕྱོགས་གཉིས་པོའི་མཉམ་ལས་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་འདོད་ཡོད་ཅེས་བཤད་པ་རེད། “མ་འཇོག་དང་།    ཞིབ་འཇུག འཛུགས་སྐྲུན།    སྐྱེལ་འདྲེན”བཅས་གཞི་གཅིག་ཅན་གྱི་སྦྲེལ་ལམ་ཡོངས་ཀྱི་ནུས་པར་བརྟེན་ནས་འཐབ་ཇུས་འཆར་འགོད་ནས་ཐོན་ལས་ཀྱི་ཁ་ཕྱོགས་དང་།    མངོན་འགྱུར་ཐབས་ལམ་ནས་ཞབས་ཞུའི་འབྲེལ་གཏུག་ས་བཅས་གཞི་གཅིག་ཅན་དུ་འགྱུར་བའི་བསམ་གཞིག་དང་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཕྱོགས་གཉིས་ཀར་ཐུན་མོང་ཐོག་མདུན་སྐྱོད་དང་།    མཉམ་ཁེ།    མཉམ་དར་བཅས་ཡོང་བར་སྐུལ་འདེད་གཏོང་དགོས།   

        ཉིན་དེར་ལུའོ་ཁྲའོ་ཧྥེང་གིས་ད་དུང་ཧྲང་ཧའེ་ཀྲའོ་ཏ་མ་འཇོག་ཚོགས་པ་དང་།    ཧྲང་ཧའེ་ཆིང་མེ་ཚོགས་པ།    ཀྲེ་ཅང་ཀྲུང་གསར་གཏོད་གྲང་སྦྲེལ་ཞིབ་འཇུག་སོའོ།    ཀྲུང་ཧྲང་ཧེང་ཧྲེང་རིག་ནུས་གྲོང་ཁྱེར་འཛུགས་སྐྲུན་གཉེར་སྐྱོང་(ཧང་ཀྲོའུ)ཚད་ཡོད་ཀུང་སི་སོགས་ཁེ་ལས་ཀྱི་འཐུས་མི་དང་རིག་གནས་ཡུལ་སྐོར་དང་ས་མཐོའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་མ་འཇོག་ལ་དམིགས་ནས་བཞུགས་མོལ་སྤེལ་རེས་བྱས་པ་དང་ལྷག་བསམ་ཟོལ་མེད་ངང་འབྲེལ་ཡོད་ཁེ་ལས་བདེ་ཆེན་དུ་རྟོག་ཞིབ་སྤེལ་རེས་དང་།    མ་འཇོག་ལས་གསོང་།    ཐུན་མོང་ཐོག་འཕེལ་རྒྱས་དོན་གཉེར་བཅས་མཉམ་འགོད་བྱེད་པར་གདན་དྲངས་པ་རེད།   

        རང་ཁུལ་གྱི་འགོ་ཁྲིད་དབྱང་ཙི་ཅང་དང་།    ཁྲེན་ཆུན།    ཞུས་ཀོང་ཏེ།    ཀྲོང་ཞའོ་ཕིང་བཅས་བཞུགས་མོལ་ལ་ཞུགས།