ཧྲང་ཧའེ་ཚན་རིག་ཁང་དང་བདེ་ཆེན་ཁུལ་དབར་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-06-28   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཟླ་6པའི་ཚེས་27ཉིན་གྱི་སྔ་དྲོ་ཧྲང་ཧའེ་ཚན་རིག་ཁང་དང་བདེ་ཆེན་ཁུལ་དབར་འཐབ་ཇུས་མཉམ་ལས་གྲོས་མཐུན་ལ་མིང་རྟགས་འགོད་པའི་མཛད་སྒོ་འཚོགས་པ་རེད།    

        ཁུལ་ཏང་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་དང་།    ཧྲང་ཧའེ་ཚན་རིག་ཁང་གི་ཏང་ཨུ་ཧྲུའུ་ཅི་ཡོན་ཀྲང་ཆིན་ཝུན་པོ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།    

        ཧྲང་ཧའེ་ཚན་རིག་ཁང་གི་ཡོན་ཀྲང་གཞོན་པ་ལིའུ་ཞེ་ཡིས་གན་རྒྱ་འཇོག་པའི་མཛད་སྒོ་གཙོ་སྐྱོང་གནང་བ་རེད།  

        ཉིན་དེར་ཧྲང་ཧའེ་ཚན་རིག་ཁང་དང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་དབར་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག་པ་དང་ཧྲང་ཧའེ་ཚོད་ལྟའི་སྲོག་ཆགས་ཞིབ་འཇུག་ལྟེ་གནས་དང་བདེ་ཆེན་ཁུལ་ཚན་རྩལ་ཅུས་དབར་རྣམ་གྲངས་མཉམ་ལས་ཀྱི་གྲོས་མཐུན་བཞག་པ་རེད།  

      ལུའོ་ཁྲའོ་ཧྥེང་གིས་ཧྲང་ཧའེ་ཚན་རིག་ཁང་ནི་ཧྲང་ཧའེ་ཡིས་ཐོན་སྐྱེད་ནུས་ཤུགས་གསར་པ་འཕེལ་རྒྱས་མགྱོགས་པོ་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན།    ད་ཐེངས་གན་རྒྱ་བཞག་ནས་བདེ་ཆེན་མ་ལག་ཅན་གྱི་སྒོ་ནས་ཧྲང་ཧའེ་ཡི་སྤུས་ལེགས་ཚན་རིག་དང་སློབ་གསོའི་ཐོན་ཁུངས་ནང་འདྲེན་བྱེད་པའི“མྱུར་ལམ”བསྐྲུན་ནས་སློབ་གླིང་དང་ས་གནས་ཕྱོགས་གཉིས་པོས་ཚན་རྩལ་གསར་གཏོད་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ས་ཁོངས་ལས་བརྒལ་བའི་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བའི་ལེའུ་གསར་པ་བཏོད་ཡོད།    དེ་ནི་བདེ་ཆེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་རེད། མིག་སྔར།    གོ་སྐབས་དམ་འཛིན་དང་འཕེལ་རྒྱས་མགྱོགས་སུ་གཏོང་བའི་འགག་རྩའི་དུས་སྐབས་སུ་གནས་པས།    ཆུ་ཚད་མཐོ་བའི་ཚན་རྩལ་མཁོ་སྤྲོད་ཀྱི་དགོས་མཁོ་ཧ་ཅང་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད།     ད་ཐེངས་ཀྱི་གན་རྒྱ་དེ་གོ་སྐབས་སུ་བྱས་ནས་སློབ་གླིང་དང་ས་གནས་ཕྱོགས་གཉིས་པོའི་མཉམ་ལས་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་ནས་ཚན་རྩལ་གྱི་ནུས་པ་ལྡན་པའི་བདེ་ཆེན་གྱི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་ནས་ལག་གདང་སྦྲེལ་ནས་ཧྲང་ཧའེ་དང་བད་ཆེན་གྱི་ཚན་རྩལ་མཉམ་ལས་ཀྱི་དཔེ་མཚོན་གསར་པ་གཏོད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།    

      ཆིན་ཝུན་པོ་ཡིས་བདེ་ཆེན་ཁུལ་ལ་ཐུན་མོང་མ་ཡིན་པའི་རང་བྱུང་ཐོན་ཁུངས་དང་རིག་གནས་ཀྱི་ནང་དོན་ཟབ་མོ་ལྡན་པས་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ཡོད།     ཧྲང་ཧའེ་ཚན་རིག་ཁང་གིས་ཚན་རྩལ་གསར་གཏོད་སྟེགས་བུ་འཛུགས་སྐྲུན་དང་།    སྐྱེ་དངོས་ལག་རྩལ་འགག་གནད་སྒྲོལ་བ།    ཚན་རྩལ་གསོ་སྐྱོང་མཉམ་ལས།    ཚན་རྩལ་ཐབས་ཇུས་བློ་འདྲི་སོགས་ཁྱབ་ཁོངས་མང་པོའི་ནང་བདེ་ཆེན་ཁུལ་དང་མཉམ་ལས་གཏིང་ཟབ་བྱས་ཏེ་ཧྲང་ཧའེ་དང་ཡུན་ནན་མཉམ་ལས་སྟེགས་བུར་བརྟེན་ནས་བདེ་ཆེན་ཐོན་ལས་ཀྱི་དགོས་མཁོ་སྔོག་འདོན་གཏིང་ཟབ་བྱས་ཏེ་འཕེལ་རྒྱས་ཀྱི་བར་སྟོང་གསར་པ་རྒྱུན་ཆད་མེད་པར་རྒྱ་སྐྱེད་གཏོང་བ།    འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་གསོ་སྐྱོང་བཅས་བྱས་ཏེ་བདེ་ཆེན་གྱིས་ས་མཐོའི་དམིགས་བསལ་སྐྱེ་དངོས་ཐོན་ཁུངས་བེད་སྤྱོད་ཁྱབ་ཁོངས་གསར་པ་དང་འགྲན་ལམ་གསར་པ་གཏོད་རྒྱུར་རོགས་རམ་དང་བདེ་ཆེན་གྱིས་ས་གནས་དེ་གའི་ཁྱད་ཆོས་དང་ལེགས་ཆ་མཚོན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་སྐྱེད་སྲིང་བྱ་རྒྱུར་རོགས་རམ་བྱེད་པ།    བདེ་ཆེན་ཁུལ་ལ་ཚན་རྩལ་གསར་གཏོད་དང་།    སྣོད་བཅུད་སྲུང་སྐྱོང་།    རིག་གནས་ཡུལ་སྐོར་སོགས་ཐད་ཚད་བརྒལ་གསར་པ་ཐོབ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་རོགས་རམ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

    རང་ཁུལ་གྱི་འགོ་ཁྲིད་དབྱང་ཙི་ཅང་དང་།    ཁྲེན་ཆུན།    ཞུས་ཀོང་ཏེ་སོགས་གན་རྒྱ་འཇོག་པའི་མཛད་སྒོར་ཞུགས་པ་རེད།