གཏམ་བཟང་། བདེ་ཆེན་གྱི་འཕགས་པ་ལྷ་འཁྱགས་ཆང་ལ་གསེར་གྱི་བྱ་དགའ་ཐོབ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-07-02   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་སྔོན།འཛམ་གླིང་གི་རྒུན་ཆང་འགྲན་བསྡུར་ཆེ་གྲས་གསུམ་གྱི་གྲས་ཤིག་ཡིན་པའི་“IWSCརྒྱལ་སྤྱིའི་རྒུན་ཆང་དང་ཨ་རག་ངར་མོའི་འགྲན་བསྡུར་ཆེན་མོའི”2024ལོར་བྱ་དགའ་ཐོབ་པའི་མིང་ཐོ་ཡོངས་བསྒྲགས་བྱས་ལ།ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ནས་ཡོང་བའི་འཕགས་པ་ལྷ་འཁྱགས་ཆང་གིས་དེའི་ཕུན་སུམ་ཚོགས་པའི་དྲི་ཞིམ་དང་ཞིམ་མངར་གྱི་བྲོ་བ་ཟབ་མོའི་ཐོག་ནས་“IWSCརྒྱལ་སྤྱིའི་རྒུན་ཆང་དང་ཨ་རག་ངར་མོའི་འགྲན་བསྡུར་ཆེན་མོའི”གསེར་གྱི་བྱ་དགའ་ཐོབ་པ་རེད།

    རྒྱུས་ལོན་བྱུང་བ་ལྟར་ན།“IWSCརྒྱལ་སྤྱིའི་རྒུན་ཆང་དང་ཨ་རག་ངར་མོའི་འགྲན་བསྡུར་ཆེན་མོ”ནི་1969ལོར་བཙུགས་པ་དང་ད་བར་ལོ་ངོ་50ལྷག་ཙམ་གྱི་ལོ་རྒྱུས་ལྡན་པ་དང་ལས་རིགས་ཀུན་གྱིས་ཁས་ལེན་པའི་གོ་ལ་ཧྲིལ་པོའི་རྒུན་ཆང་རྩེ་གྲ་དང་ཨ་རག་ངར་མོའི་འགྲན་བསྡུར་ཞིག་ཡིན་པས་རྒུན་ཆང་ལས་རིགས་ཀྱི་"་ནོ་པེར་བྱ་དགའ་"་ཞེས་པའི་མཚན་སྙན་ཐོབ་ཡོད།བྱ་དགའ་ནི་ལས་རིགས་ནང་ཁུལ་གྱི་ཆེད་མཁས་པས་དཔྱད་འདེམས་བྱེད་པ་དང་།བརྒྱུད་རིམ་ཧ་ཅང་ནན་མོ་ཡིན་པས།འགྲན་བསྡུར་འདིའི་བྱ་དགའ་ཐོབ་པ་ནི་ལས་རིགས་ཀྱི་གཟི་བརྗིད་ཡིན།ད་ལོའི་“IWSCརྒྱལ་སྤྱིའི་རྒུན་ཆང་དང་ཨ་རག་ངར་མོའི་འགྲན་བསྡུར་ཆེན་མོ”ཐོག་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་90ལྷག་ནས་ཐོན་པའི་རྒུན་འབྲུམ་ཆང་4000ལྷག་འགྲན་རྩོད་ལ་ཞུགས་ཡོད་པ་རེད།

    འགྲན་བསྡུར་ནང་ཡུན་ནན་བདེ་ཆེན་འཁྱགས་ཆང་ཐོན་ཁུལ་ནས་ཐོན་པའི་འཕགས་པ་ལྷ་འཁྱགས་ཆང་གིས་ཀུན་གྱི་རེ་བ་སྟོང་ཟད་དུ་མི་གཏོང་བར་ཐོན་རྫས་4000ལྷག་ཙམ་ཁྲོད་འབུར་དུ་ཐོན་ནས་གསེར་གྱི་བྱ་དགའ་ཐོབ་ཡོད།

    རྒྱུས་ལོན་བྱུང་བ་ལྟར་ན།འཕགས་པ་ལྷ་འཁྱགས་ཆང་ནི་2008ལོར་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འབའ་ལུང་ལི་སུའུ་རིགས་རང་སྐྱོང་རྫོང་དུ་ཡོད་པ་དང་ལོ་16རིང་འཕེལ་རྒྱས་བཏང་བ་བརྒྱུད་ད་ཆ་འཁྱགས་ཆང་ལས་རིགས་ཀྱི་ཁྲོམ་རར་ཤུགས་རྐྱེན་ལྡན་པའི་གྲགས་ཅན་སྤུས་རྟགས་ཤིག་ཏུ་གྱུར་ནས་རྒྱལ་སྤྱི་རྒྱལ་ནང་ལས་རིགས་ཀྱི་རིགས་གཅིག་མཁས་ཅན་གྱི་ཁས་ལེན་དང་འཛད་སྤྱོད་པས་དགའ་པོ་བྱེད་ཀྱི་ཡོད།ཉེ་བའི་ལོ་ཤས་རིང་འཕགས་པ་ལྷ་འཁྱགས་ཆང་གིས་འབའ་ལུང་རྫོང་གི་འཁྱགས་ཆང་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་གང་ལེགས་བྱས་པ་དང་།ད་ཆ་འབའ་ལུང་རྫོང་འདི་ཉིད་ཁ་ན་ཏའི་རྗེས་ཀྱི་འཛམ་གླིང་གི་འཁྱགས་ཆང་ཐོན་ཁུལ་ཆེ་གྲས་གཉིས་པར་གྱུར་པ་མ་ཟད་“ཀྲུང་གོའི་འཁྱགས་ཆང་དང་རྒུན་ཆང་གྲོང་”ཞེས་པའི་མཚན་སྙན་ཡང་ཐོབ་ཡོད།