བདེ་ཆེན་གྱི་ས་གནས་ཁག་གིས་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ནས་“བདུན་གཅིག་”བསུ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-07-02   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཉིན་ཤས་རིང་།བདེ་ཆེན་ས་གནས་ཁག་གིས་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་103འཁོར་བར་རྟེན་འབྲེལ་ཞུས།

ཁུལ་ཨུས་ལས་ཁུངས་ཀྱིས་ཏང་འཛུགས་ནས་ལོ་103འཁོར་བའི་རྒྱལ་དར་སྒྲེང་བའི་མཛད་སྒོ་སྤེལ་བ།

    ཟླ་7པའི་ཚེས་1ཉིན་གྱི་སྔ་དྲོར།ཁུལ་ཨུའི་ལས་ཁུངས་ཀྱིས་ཏང་འཛུགས་ནས་ལོ་103འཁོར་བའི་རྒྱལ་དར་སྒྲེང་བའི་མཛད་སྒོ་དང་ཏང་ཞུགས་དམ་བཅའ་བསྐྱར་དུ་འཇུག་པའི་བྱེད་སྒོ་སྤེལ་བ་དང་།“བདུན་གཅིག་”ཏང་འཛུགས་དུས་ཆེན་གྱི་སྙན་ངག་གྱེར་འདོན་བྱེད་པ།ཏང་ཡོན་ལས་བྱེད་པ་ཀུན་གྱིས་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་དར་ཆ་མཐོན་པོར་སྒྲེང་ནས་ཏང་གི་རྗེས་སུ་འབྲངས་པ།བདེ་ཆེན་གྱི་དུས་ཆེན་བཞི་ཞེས་པར་ཐུབ་པའི་གྲུབ་འབྲས་གསར་པ་ལ་སྐུལ་འདེད་གཏོང་བ།རང་འགུལ་གྱིས་རྒྱལ་ཡོངས་བོད་འབྲེལ་ས་ཁུལ་གྱི་ཡུན་རིང་བདེ་འཁོད་སྤྱི་ཁོག་དང་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གནས་བབ་ཏུ་མཉམ་འདྲེས་བྱེད་པ།འབད་བརྩོན་གྱིས་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་སྐྱེ་ཁམས་དང་སྤྱོད་གཙང་འཇོན་ཐང་ཡོད་པའི་ཁོར་ཡུག་ལེགས་པོ་ཞིག་འཛུགས་དགོས།

    ཁུལ་ཨུའི་གཞུང་སྒྲུབ་ཁུལ་གྱི་ཏང་ཡོན་ཚང་མ་རྒྱལ་དར་སྒྲེང་བའི་མཛད་སྒོར་ཞུགས་པ།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཏང་འཛུགས་ནས་ལོ་103འཁོར་བའི་རྒྱལ་དར་སྒྲེང་བའི་མཛད་སྒོ་སྤེལ་བ།

    ཟླ་7པའི་ཚེས་1ཉིན་གྱི་སྔ་དྲོར།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ཀྱི་ཁེ་ལས་དང་བྱ་བཞག་ལས་ཁུངས་ཀྱིས་གྲོང་ཁྱེར་སྲིད་འཛིན་ལྟེ་གནས་ཐང་ཆེན་དུ་རྒྱལ་དར་སྒྲེང་བའི་མཛད་སྒོ་སྤེལ་བ་དང་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་103འཁོར་བར་རྟེན་འབྲེལ་ཞུས།མཉམ་དུ་ཏང་ཞུགས་དམ་བཅའ་བསྐྱར་དུ་འཇུག་པ་དང་ཏང་ཡོན་འཐུན་མིས་རྒྱལ་དར་འོག་གི་གཏམ་བཤད་ཉན་ནས་ཏང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལ་ཕྱི་མིག་བལྟས་བ།ཏང་འཛུགས་ཀྱི་སྙིང་སྟོབས་རླབས་ཆེན་དར་སྤེལ་བ། སྔ་ལས་ལྷག་པར་གཞི་རིམ་ཏང་རྩ་འཛུགས་ཀྱི་གསོན་ཤུགས་སྐུལ་མ་གཏོང་བ་དང་རྒྱ་ཆེའི་ཏང་ཡོན་གྱི་གཟི་བརྗིད་ཀྱི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་མཐོ་རུ་གཏོང་བ།

འབའ་ལུང་རྫོང་གིས་ཏང་འཛུགས་ནས་ལོ་103འཁོར་བའི་རྒྱལ་དར་སྒྲེང་བའི་མཛད་སྒོ་སྤེལ་བ།

    ཟླ་7པའི་ཚེས་1ཉིན།འབའ་ལུང་རྫོང་གིས་སྲིད་འཛིན་ལྟེ་གནས་ཐང་ཆེན་དུ་“བདུན་གཅིག་”རྒྱལ་དར་སྒྲེང་བའི་མཛད་སྒོ་སྤེལ་བ་དང་།ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་103འཁོར་བར་རྟེན་འབྲེལ་ཞུས།རྒྱལ་དར་སྒྲེང་བའི་མཛད་སྒོར་ཏང་ཡོན་ཡོངས་ཀྱིས་མཉམ་དུ་ཏང་ཞུགས་དམ་བཅའ་བསྐྱར་དུ་འཇོག་ནས།ཐུན་མོང་ཐོག་ཏང་ལ་བློ་དཀར་བ་མེས་རྒྱལ་ལ་དགའ་ཞེན་མཚོན་པ།

 འཇོལ་རྫོང་གིས་ཏང་འཛུགས་ནས་ལོ་103འཁོར་བའི་རྒྱལ་དར་སྒྲེང་བའི་མཛད་སྒོ་སྤེལ་བ།

    ཟླ་7པའི་ཚེས་1ཉིན།འཇོལ་རྫོང་གིས་སྲིད་འཛིན་ལྟེ་གནས་ཐང་ཆེན་དུ་“བདུན་གཅིག་”རྒྱལ་དར་སྒྲེང་བའི་མཛད་སྒོ་སྤེལ་བ་དང་།ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་103འཁོར་བར་རྟེན་འབྲེལ་ཞུས།ལས་བྱེད་པ་སྟོང་གཅིག་ལྷག་རྒྱལ་དར་སྒྲེང་བའི་མཛད་སྒོར་ཞུགས་ཡོད། བྱེད་སྒོའི་ཐོག་ཏང་ལ་ཞུགས་པའི་ལོ་50ཟིན་པའི་ཏང་ཡོན་རྒན་པར་གཟི་ལྡན་བྱ་དགའ་གནང་བ།ཡང་ཏང་ཡོན་ཚང་མས་མཉམ་དུ་ཏང་ཞུགས་དམ་བཅའ་བསྐྱར་དུ་འཇོག་པ།ཉིན་དེར་མི་125གཟི་བརྗིད་ལྡན་པའི་ངང་ཀྲུང་གོ་གུང་ཁྲན་ཏང་དུ་ཞུགས་ཡོད།