སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་རྒྱ་ལམ་སྡེ་ཁུལ་གྱིས་ཞི་མཐུན་མཉམ་གནས་ཀྱི་ཁོར་ཡུག་བསྐྲུན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-07-03   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་རྒྱ་ལམ་སྡེ་ཁུལ་ནི་རྡོ་མཁར་རྫོང་དུ་གནས་ཡོད་པ་དང་།  འདི་གར་རྒྱུན་སྡོད་བྱེད་པའི་གྲོང་མི་དུད་ཚང་988ཀྱི་ཁྲོད་དུ་རྒྱ་རིགས་དང་། བོད་རིགས། འཇང་རིགས། དབྱིས་རིགས། པའེ་རིགས་སོགས་མི་རིགས་7ཡོད།  རྒྱ་ལམ་སྡེ་ཁུལ་གྲོང་ལྷན་གྱི་ཀྲུའུ་རེན་དབྱང་ཡུང་ཤིན་གྱིས་ལོ་རྒྱུས་ཐོག་འདི་ནི་ཇ་རྟ་གནའ་ལམ་ཐོག་གི་གྲོང་རྡལ་གཙོ་བོ་ཞིག་ཡིན་པ་དང་། ལྷོ་ནས་བྱང་བར་གྱི་མི་རྣམས་འདི་གར་འཕྲད་པ་དང་འཚོ་བའི་གོམས་སྲོལ་དང་རིག་གནས་སྲོལ་རྒྱུན་མི་འདྲ་བ་འདི་གར་སྤེལ་རེས་དང་མཉམ་འདྲེས་བྱེད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།  

    རྒྱ་ལམ་སྡེ་ཁུལ་དུ་མི་རིགས་མང་བའི་ཁྱིམ་ཚང་གིས་75%ཟིན་ཡོད།དུས་ཡུན་རིང་པོའི་ནང་བར་མཐོངས་གཅིག་སྡུད་བྱས་པ་དེས་སྡེ་ཁུལ་ནང་གི་མི་རིགས་མི་འདྲ་བའི་དབར་འགྲོ་འོང་དང་སྤེལ་རེས་བྱ་རྒྱུར་སྐུལ་འདེད་ཐེབས་པ་མ་ཟད་མི་རིགས་ཁག་གི་རིག་གནས་ཀྱང་མཉམ་འདྲེས་དེ་བས་མང་བ་བྱུང་ཡོད།  སྡེ་ཁུལ་གྱི་གྲོང་མིས་སྲོལ་རྒྱུན་གྱི་དུས་ཆེན་མཉམ་དུ་གཏོང་བ་དང་མི་རིགས་ཀྱི་ཞབས་བྲོ་མཉམ་དུ་འཁྲབ་པ་ནི་རྒྱ་ལམ་སྡེ་ཁུལ་གྱི་སྲོལ་རྒྱུན་ཞིག་རེད། གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་ལ་སླེབས་སྐབས་རྡོ་མཁར་རྫོང་གི་ཟླ་འོད་ཐང་ཆེན་དུ་ཚ་ཚ་འུར་འུར་དུ་གྱུར། སྡེ་ཁུལ་གྱི་རྩ་འཛུགས་འོག་སེང་བྲོ་རུ་ཁག་དང་མི་རིགས་ཁག་གི་ཞབས་བྲོ་རུ་ཁག་གི་ངོ་མཚར་ཆེ་བའི་ལེ་ཚན་རེས་མོས་ངང་འཁྲབ་སྟོན་བྱས་པ་རེད།

ཉེ་བའི་ལོ་ཤས་རིང་།རྡོ་མཁར་རྫོང་ལ་ཡུལ་སྐོར་བས་སྔར་བས་དགའ་པོ་བྱེད་ཀྱི་ཡོད་ལ་ས་གནས་ཁག་གི་མི་རྣམས་རྒྱ་ལམ་སྡེ་ཁུལ་དུ་གཞིས་ཆགས་རྒྱུའི་ཡིད་དབང་ཡང་འཕྲོག་གི་ཡོད།     མི་སྣ་མང་བ་དང་གནས་ཚུལ་རྙོག་འཛིང་ཆེ་བས་སྡེ་ཁུལ་དུ་ལས་ཀ་བྱས་ནས་ལོ་3ལྷག་ཙམ་སོང་བའི་དབྱང་ཡུང་ཞིང་ལ་ལས་ཀ་བྱེད་བདེ་ལ་འགྲན་སློང་ཡང་ཡོད་པའི་ཚོར་སྣང་བྱུང་། ཁོང་གིས་ང་ཚོས་མང་ཚོགས་ཉེ་འགྲམ་གྱི་སེམས་མི་སྐྱིད་པའི་གནད་དོན་ཐག་གཅོད་བྱ་རྒྱུ་ནས་འགོ་བཙུགས་ཏེ་ཞི་མཐུན་མཉམ་གནས་ཀྱི་ཁོར་ཡུག་བསྐྲུན་ནས་མི་རིགས་ཁག་གི་གྲོང་མིའི་དབར་གྱི་མཉམ་འདྲེས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་"ཞེས་བཤད།

    རྡོ་མཁར་རྫོང་གི་འཕེལ་རྒྱས་ཀྱིས་ཏ་ལི་པའེ་རིགས་རང་སྐྱོང་ཁུལ་ཧོ་ཆིན་རྫོང་གི་ཝང་ཝུའུ་ཐའོ་ཡི་ཡིད་དབང་བཀུག་ཡོད།  ལོ་ཤས་གོང་ཁོ་མོས་མི་རིགས་ཀྱི་གྱོན་ཆས་ཚོང་ཁང་ཆུང་ཆུང་ཞིག་བཙུགས་པ་དང་ཚོང་ཁང་དེ་ལམ་བཞི་མདོ་ཞིག་ཏུ་གནས་ཡོད་པས་ས་ཆ་ཡག་པོ་འདུག འོན་ཀྱང་སྒོ་ཁའི་གཏན་འཇགས་ཀྱི་གད་སྙིགས་སྒམ་གྱིས་ཁོ་མོར་སུན་སྣང་སྐྱེས་སུ་བཅུགཁོ་མོས་ཡུལ་སྐོར་བས་གད་སྙིགས་དབྱུགས་པ་མ་ཟད་མཐའ་འཁོར་གྱི་ཚོང་ཁང་གིས་སྟབས་བདེ་ཡོང་ཆེད་གད་སྙིགས་དེ་གར་དབྱུགས་པས་ཚོང་རྒྱག་རྒྱུར་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་འདུག་"ཅེས་བཤད།

    ཝང་ཝུའུ་ཐའོ་ཡི་གནད་དོན་ཤེས་རྟོགས་བྱུང་རྗེས། རྒྱ་ལམ་སྡེ་ཁུལ་གྱི་དྲ་མིག་པ་ཚའེ་ཧུང་ཧྥེན་གྱིས་དབྱང་ཡུང་ཞིང་དང་མཉམ་དུ་སྔོན་ལ་རྡོ་མཁར་རྫོང་དོ་དམ་ཨུ་ཡོན་ལྷན་ཁང་དང་གྲོས་མོལ་བྱས་ཏེ་སྒོ་ཁའི་གད་སྙིགས་སྒམ་དེ་ཚོང་ཁང་གི་སྒོ་ཁ་ནས་ཁྲོམ་གཞུང་གི་དཀྱོག་མཚམས་སུ་སྤོས་ཏེ་ཡུལ་སྐོར་བར་སྟབས་བདེ་བསྐྲུན་ལ་ཚོང་པར་ཡང་ཤུགས་རྐྱེན་མི་ཐེབས་པ་བྱས་པ་རེད།  སྡེ་ཁུལ་གྱིས་སླར་ཡང་ཉེ་འགྲམ་གྱི་ཚོང་ཁང་ལ་བཅར་འདྲི་བྱས་ནས་ཁོང་ཚོའི་དགོས་མཁོ་ཤེས་རྟོགས་བྱས་པ་དང་གད་སྙིགས་རླངས་འཁོར་མཐུན་སྦྱོར་བྱས་ཏེ་དུས་ཚོད་གཏན་འཁེལ་གྱིས་དབོར་འདྲེན་བྱེད་ཀྱི་ཡོད། ཝང་ཝུའུ་ཐའོ་ཡིས་ད་ཆ་སྒོ་འགྲམ་གཙང་སྦྲ་དོད་པ་དང་ཚོང་རྒྱག་པའི་སེམས་པ་ཡང་གཙང་ཞིང་བསིལ་བ་ཞིག་འདུག་"ཅེས་བཤད།

དབྱང་ཡུང་ཞིང་གིས་ངོ་སྤྲོད་བྱས་པ་ལྟར་ན།རྒྱ་ལམ་སྡེ་ཁུལ་གྱིས་ཏང་འཛུགས་སྐྱོང་སྣེ་ཁྲིད་དུ་བྱས་ཏེ་ཏང་ཡོན་དང་། ཁེ་ལས་བདག་པོ། དང་བླངས་པ་སོགས་ལས་གྲུབ་པའི་དྲ་མིག་པའི་དཔུང་ཁག་བཙུགས་པ་དང་། དྲ་མིག་པས་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་དང་འགལ་བ་དང་རྩོད་གཞི་སེལ་བ་སོགས་ཀྱི་འགན་འཁྲི་ཁ་གསལ་བཟོས་ཡོད། དུད་ཚང་དུ་བསྐྱོད་དེ་འཚམས་འདྲི་བྱེད་པ་དང་གྲོང་མིའི་ཚོགས་ཆེན་འཚོགས་པ། ཆ་འཕྲིན་ཁོང་དུ་ཆུད་པ་དང་མང་ཚོགས་ཀྱི་ཁེ་ཕན་རེ་ཞུ་ཤེས་རྟོགས་བྱས་པ་བརྒྱུད་སྡེ་ཁུལ་ནང་གི་གནད་དོན་སྔ་ཙམ་ཤེས་རྟོགས་དང་སྔ་ཙམ་ཐག་གཅོད་ཐུབ་པས་མང་ཚོགས་དབར་འབྲེལ་འདྲིས་བྱ་རྒྱུ་དེ་ཁྱིམ་ཚང་གཅིག་ལྟར་ཡིན་པ་རེད།

    གནམ་རིམ་བཞིན་རུབ་པ་དང་རྡོ་མཁར་རྫོང་གི་དྲོ་སྐྱིད་ལྡན་པའི་གློག་འོད་གསལ་བ་དང་སྙན་འཇེབས་ལྡན་པའི་རོལ་དབྱངས་གྲགས་པ་དང་རྐང་འོག་ཏུ་རྔ་རྡུང་བཞིན་པའི་ཡུལ་སྐོར་བས་ས་གནས་དེ་གའི་གྲོང་མི་དང་མཉམ་དུ་སྐོར་བ་རྒྱག་པ་དང་ཞབས་བྲོ་འཁྲབ་པའི་གྲལ་སྟར་ནང་ཞུགས་པ་རེད། ཞབས་བྲོའི་སྒོར་སྒོར་ཇི་ཙམ་རྒྱ་ཆེར་ཕྱིན་པ་དེ་ཙམ་གྱིས་ཆེ་རུ་ཕྱིན་པ་དང་དགའ་སྤྲོའི་རྣམ་པ་ཡང་རྡོ་མཁར་རྫོང་དུ་ལྷབ་ལྷུབ་ཏུ་གཡོ་བ་དང་ཡུན་རིང་མི་འཐོར་བ་བྱེད་ཀྱི་ཡོད།