ནགས་ཕག་མཚོ་ཡི་ཆུ་ལོག་སྔོན་འགོག་བཅོས་སྐྱོང་ཕུག་ལམ་ལ་TBMཡི་སྔོག་པའི་རིང་ཚད་སྨི་4700ཡི་འགག་སྒོ་ཆེན་པོ་ལས་བརྒལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-07-03   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་སྔོན།ཀྲུང་གོ་ལྕགས་ལམ་ཅུས་ལྔ་པ་འཛུགས་སྐྲུན་ནང་ཞུགས་པའི་རྒྱལ་ནང་གི་ས་བབ་མཐོ་བའི་ཆུ་བཟོ་ཕུག་ལམ་རིང་ཤོས་ཏེ་ཡུན་ནན་ནགས་ཕག་མཚོ་ཆུ་ལོག་སྔོན་འགོག་བཅོས་སྒྲིག་ཕུག་ལམ་ལས་གྲྭའི་རྣམ་གྲངས་“ཏ་ཡུས་རྟགས་ཅན་”ཡིས་སྨི་4700་ཡི་འགག་སྒོ་ཆེན་པོ་ལས་བརྒལ་ནས་ལས་གཞིའི་ལས་འགན་ཕྱེད་ཀ་ལེགས་གྲུབ་བྱུང་བས།ལས་གྲྭ་འཛུགས་སྐྲུན་ལ་འཕེལ་རྒྱས་གལ་ཆེན་བྱུང་བ་མཚོན་པ་དང་ཕུག་ལམ་བདེ་བླག་ངང་ཏལ་འབིགས་ཐུབ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད།

    ནགས་ཕག་མཚོའི་ཆུ་ལོག་སྔོན་འགོག་བཅོས་སྒྲིག་ཕུག་ལམ་ལས་གྲྭའི་ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3200ཡན་ཟིན་ཡོད།ཆུ་ལོག་བཤང་སའི་ཕུག་ལམ་གྱི་ལམ་ཐིག་ཧྲིལ་པོའི་རིང་ཚད་ལ་སྤྱི་ལེ་10.2ཙམ་ཡོད་པ་དང་།TBMཡི་ཐབས་ལམ་སྤྱད་དེ་སྨི་9303་ཨར་ལས་བྱས་པ་དེ་ནི་རྒྱལ་ནང་གི་TBM་སྤྱད་དེ་སྔོག་པའི་ས་བབ་མཐོ་བའི་ཆུ་བཟོ་ཕུག་ལམ་ཐོག་མ་ཡིན་པ་རེད། 

“ཏ་ཡུས་རྟགས་ཅན་”TBMལས་ཡུལ་དུ་ཐོན་པ་ནས་བཟུང་།ཀྲུང་གོ་ལྕགས་ལམ་ཅུས་ལྔ་པའི་འཛུགས་སྐྲུན་པས་TBM་ཨར་ལས་དོ་དམ་ཚོགས་པ་བཙུགས་ནས་ཨར་ལས་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་བ་དང་སྒྲིག་ཆས་ཉམས་གསོ་བདག་གཅེས་ལ་ཤུགས་སྣོན་རྒྱག་པ་དང་།རིག་ནུས་རླུང་རྒྱུ་དང་སྔོན་བརྒལ་ས་གཤིས་སྔོན་བརྡ་གཏོང་བར་བརྟེན་ནས་ལས་རིམ་རེ་རེ་འཁོར་སྐྱོད་སྦྲེལ་མཐུད་བྱེད་པར་དམ་པོར་དམིགས་པ་དང་།TBMའཁོར་སྐྱོད་ཞུགས་གྲངས་ཚོད་འཛིན་ནན་པོ་བྱེད་པ། སྔོག་འདོན་བྱེད་སྟངས་དང་གྲི་ཆས་ཀྱི་ཟུར་ཚད་ལེགས་སྒྲིག་ཡག་ཤོས་བྱས་ཏེ་སྒྲིག་ཆས་སྔོག་འདོན་བྱེད་པའི་མྱུར་ཚད་དང་གྲི་སྡེར་གྱི་མྱུར་ཚད་ཚོད་འཛིན་གནད་ལ་འཁེལ་བ་བྱས་ནས་TBM་བེད་སྤྱོད་བྱེད་སྟངས་ཡག་ཤོས་རྒྱུན་མཐུད་ངང་རྒྱུན་འཁྱོངས་ཐུབ་པ་བྱས་ཏེ་ས་གཤིས་གྲུབ་ཆ་རྙོག་འཛིང་ཆེ་བ་དང་རླུང་འགྲོ་དཀའ་བ། ལྕགས་ལམ་ཡོད་པའི་སྐྱེལ་འདྲེན་བར་ཐག་རིང་བ་སོགས་ཀྱི་དཀའ་ངལ་མང་པོ་ཁྱད་བསད་བྱས་པ་རེད། ཨར་ལས་བྱེད་རིང་ཉིན་གཅིག་ལ་སྨི་41.1སྔོག་པ་དང་ཟླ་རེར་སྨི་900སྔོག་པའི་གྲུབ་འབྲས་བཟང་པོ་བཏོད་དེ་ལྷོ་ནུབ་ས་ཁུལ་གྱི་TBM་སྔོག་པའི་ཟིན་ཐོ་གསར་པ་བཏོད་ཡོད།

    ནགས་ཕག་མཚོ་ནི་སྐམ་སའི་དབུས་ཁུལ་གྱི་བཀག་སྡོམ་རང་བཞིན་གྱི་ས་མཐོའི་མཚེའུ་ཞིག་ཡིན་པ་དང་ཉེ་བའི་ལོ་ཤས་རིང་ཚད་གཞི་མི་འདྲ་བའི་ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་ཐོན་ཡོད།ཆུ་ལོག་སྔོན་འགོག་བཅོས་སྒྲིག་ཕུག་ལམ་ལས་གྲྭ་བསྐྲུན་རྗེས་མཚོ་སྐོར་གཞུང་ལམ་དང་མཚོ་སྐོར་གྲོང་ཚོ། དེ་བཞིན་ཞིང་ཁ་དང་སེམས་ཀྱི་ཉི་ཟླའི་གྲོང་ཁྱེར་གྱི་ཆུ་ལོག་སྔོན་འགོག་བདེ་འཇགས་དང་ས་མཐོའི་མཚེའུ་འདམ་རའི་སྣོད་བཅུད་མ་ལག་སྲུང་སྐྱོང་ནུས་ལྡན་བྱ་རྒྱུ་རེད།