ལུའོ་ཁྲའོ་ཧྥེང་གིས་ཧྲུན་ཧྥེང་ཚོགས་པའི་མཐོ་རིམ་ཙུང་ཚའེ་གཞོན་པ་ཕན་ཝེ་དང་བཅས་པར་ཐུག་འཕྲད་གནང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-07-03   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།  ཟླ་7པའི་ཚེས་2ཉིན། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཧྲུན་ཧྥེང་ཚོགས་པའི་མཐོ་རིམ་ཙུང་ཚའེ་གཞོན་པ། ཧྲུན་ཧྥེང་ཚོགས་པའི་སྤྱི་སྤྱོད་ལས་དོན་པུའུ་ཡི་ཙུང་ཚའེ་ཕན་ཝེ་དང་བཅས་པར་ཐུག་འཕྲད་གནང་བ་དང་། ཕྱོགས་གཉིས་ཀས་བདེ་ཆེན་བེ་ཤའི་དུས་ཚིགས་ཀྱི་འབྲེལ་ཡོད་ལས་དོན་སྐོར་ལ་སྤེལ་རེས་གཏིང་ཟབ་ཏུ་གནང་བ།

    ལུའོ་ཁྲའོ་ཧྥེང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་ཕན་ཝེ་དང་བཅས་པ་ཕེབས་པར་དགའ་བསུ་ཞུས། ཁོང་གིས་བདེ་ཆེན་དང་ཧྲུན་ཧྥེང་ལ་མཉམ་ལས་ཀྱི་རྨང་གཞི་ཡག་པོ་ཡོད་པ་དང་། ལོ་མང་པོའི་རིང་། ཧྲུན་ཧྥེང་གིས་རོགས་སྐྱོར་བྱས་ནས་བདེ་ཆེན་བེ་ཤའི་སྤུས་རྟགས་གཏོད་པ་དང་བེ་ཤ་ཐོན་ལས་སྤུས་ཚད་མཐོ་རུ་གཏོང་བ་དང་ཕན་འབྲས་ཐོན་པར་ནུས་ལྡན་འགན་སྲུང་མཁོ་འདོན་བྱས་ཡོད་ཅེས་བཤད། མིག་སྔར་བདེ་ཆེན་གྱི་བེ་ཤའི་དུས་ཚིགས་སུ་སླེབས་པ་དང་། བདེ་ཆེན་ལ་ཧྥུན་ཧྥེང་དང་མཉམ་ལས་བྱེད་རྒྱུར་ཡིད་ཆེས་ཀྱིས་ཁེངས་པ། ཕྱོགས་གཉིས་ཀས་མཉམ་ལས་གཏིང་ཟབ་བྱས་ནས་བདེ་ཆེན་གྱི་དེ་བས་མང་བའི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཚོང་རར་ཁྱབ་སྤེལ་གཏོང་བ། བདེ་ཆེན་གྱི་ཞིང་ལས་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཡོང་རྒྱུར་རོགས་སྐྱོར་བྱེད་པ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་བྱུང་བར་སྐུལ་འདེད་གཏོང་བ་ཞེས་པའི་རེ་བ་བཏོན།

    ཕན་ཝེ་ཡིས་ཧྲུན་ཧྥེང་ཚོགས་པས་བདེ་ཆེན་གྱི་བེ་ཤའི་དུས་ཚིགས་ཀྱི་འབྲེལ་ཡོད་ལས་ཀར་ཚད་མཐོའི་མཐོང་ཆེན་ཡོད་པ་དང་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཐོན་ཁུངས་ཡག་ཤོས་མཐུན་སྦྱོར་བྱེད་ནས། བེ་ཤ་སོས་པོ་མྱུར་ཚད་མགྱོགས་ཤོས་ཀྱི་སྒོ་ནས་བདེ་ཆེན་ནས་རྒྱལ་ཡོངས་མགྲོན་པའི་གསོལ་ལྕོག་ལ་སྐྱེལ་ཐུབ་པར་ཁག་ཐེག་བྱེད་རྒྱུ། ཧྲུན་ཧྥེང་ཚོགས་པས་བདེ་ཆེན་སྤུས་ལེགས་ཀྱི་སྐྱེ་ཁམས་ཁོར་ཡུག་དང་སྐྱེ་དངོས་ཐོན་ཁུངས་ལ་བརྟེན་ནས་བདེ་ཆེན་དང་སྤེལ་རེས་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཞེས་མཚོན།

   ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ལིན་ཧའོ་དང་ཁུལ་རིམ་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ་ཐུག་འཕྲད་དུ་ཞུགས།