2024ལོའི་སེམས་ཀྱི་ཉི་ཟླ་བེ་ཤའི་དུས་ཚིགས་འགོ་ཚུགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-07-04   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ་7པའི་ཚེས་3ཉིན། བདེ་ཆེན་ཁུལ་གྱིས་2024ལོའི་སེམས་ཀྱི་ཉི་ཟླ་བེ་ཤའི་དུས་ཚིགས་འགོ་ཚུགས་པའི་མཛད་སྒོ་སྤེལ་བ།བྱེད་སྒོའི་ཐོག་ས་གནས་ཁག་གི་སྐུ་མགྲོན་གདན་འདྲེན་ཞུས་ནས་བེ་ཤའི་ཐོན་ལས་འབྲེལ་ཐག་གི་གཏིང་ཟབ་རྒྱ་བསྐྱེད་མཉམ་དུ་འཚོལ་ཞིབ་བྱས་ནས།བདེ་ཆེན་གྱི་ཁྱད་ལྡན་ཐོན་ལས་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་ཡོང་བར་འགྲོ་ལམ་གསར་པ་འཚོལ་བ།

    ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ལི་ཡན་ལན།ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་མིའོ་ཡིའུ་ཧྥ།ཧྲུན་ཧྥེང་ཚོགས་པའི་མཐོ་རིམ་ཙུང་ཚའེ་གཞོན་པ་ཕན་ཝེ།ཡུན་ནན་ཞིང་ཆེན་སྦྲག་སྲིད་དོ་དམ་ཅུས་ཀྱི་ཅུས་ཀྲང་ཡོན་ཡུས་ཏུང་།ཞིང་ཆེན་ཚོང་དོན་ཐིང་།ཞིང་ཆེན་ཞིང་ལས་ཚན་རྩལ་ཁང་།ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན།ཁུལ་སྲིད་གཞུང་།ཡུན་ནན་ཧྲུན་ཧྥེང་མྱུར་སྐྱེལ་ཚད་ཡོད་ཀུང་སིའི་འབྲེལ་ཡོད་འགོ་ཁྲིད་སོགས་བྱེད་སྒོར་ཞུགས།

    ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ལིན་ཧའོ་ཡིས་ཤིས་ཚིག་གནང་སྐབས་ཉེ་བའི་ལོ་འགའི་རིང་།བདེ་ཆེན་ཁུལ་གྱིས་ཧུར་ཐག་གིས་བེ་ཤའི་ཐོན་ལས་ཀྱི་སྣོད་བཅུད་ཕན་འབྲས་དང་།    དཔལ་འབྱོར་ཕན་འབྲས།    སྤྱི་ཚོགས་ཕན་འབྲས་བཅས་ཀྱི་མང་ཁེ་རྣམ་པ་ཧུར་ཐག་བཏོད་ནས་ཚང་མ་འཛམ་གླིང་གི“སེམས་ཀྱི་ཉི་ཟླར”ཐུན་མོང་ཐོག“བེ་ཤ”ཐོན་པ་དང་སྐུ་ཉིད་ཕེབས་པར་ལྷག་བསམ་ཟོལ་མེད་ངང་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།   

    ཡུན་ནན་ཧྲུན་ཧྥེང་མྱུར་སྐྱེལ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཅང་ལུའེ་ཡིས་མིག་སྔར་ཧྲུན་ཧྥེང་གི་ནུས་ཆེའི་ཟོག་འགྲེམས་དྲ་བ་རྒྱལ་ཡོངས་སུ་ཁྱབ་པ་དང་འཛམ་གླིང་སྦྲེལ་མཐུད་ཐུབ་ནས་བེ་ཤ་དུས་ཚོད་ཐུང་ཤོས་ནང་སྐྱེལ་ཐུབ་པའི་འགན་ལེན་བྱེད་ཀྱི་ཡོད་ཅེས་བསྟན་པ་རེད།

    བྱེད་སྒོའི་ནང་སེམས་ཀྱི་ཉི་ཟླ་བེ་ཤའི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་རིགས་གཅིག་མཁས་ཅན་དང་སྐུ་མགྲོན་ཚོས་ཐུན་མོང་ཐོག་ཟས་མཆོག་བེ་ཤའི་ཐོན་ལས་ཀྱི་འབྱུང་འགྱུར་འཕེལ་ཕྱོགས་ལ་དཔྱད་བསྡུར་བྱས་པ་རེད།

    འགོ་ཚུགས་མཛད་སྒོའི་ཐོག་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས་ཡུན་ནན་ཧྲུན་ཧྥེང་མྱུར་སྐྱེལ་ཚད་ཡོད་ཀུང་སི་དང་མཁའ་འགྲུལ་ཐོན་ཁུངས་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་པ་དང་།ཧྲུན་ཧྥེང་གིས་2024ལོའི་བེ་ཤའི་སྐུར་སྐྱེལ་ཐག་གཅོད་ཇུས་གཞི་ཁྱབ་བསྒྲགས་བྱས་པ་དང་།ཐོན་རྫས་ཞབས་ཞུ་རིམ་སྤོར་དང་།སྐྱེལ་འདྲེན་ནུས་ཤུགས་ཐོན་ཁུངས་ཀྱི་མྱུར་ཚད་མགྱོགས་སུ་གཏོང་བ།བཙོངས་རྗེས་ཀྱི་ཞབས་ཞུ་སྣོན་ཉར་སོགས་ཀྱི་ཐད་ནས་ཉམས་ལེན་རིམ་སྤོར་བྱས་པ་དང་།བེ་ཤ་དུས་ཚིགས་ཀྱི་ཁྱད་ལྡན་བརྗོད་བྱ་གཙོ་བོའི་བྱེད་སྒོའི་འབྲེལ་ཡོད་ཆ་འཕྲིན་ཁྱབ་བསྒྲགས་བྱས་པ་རེད།

    བྱེད་སྒོའི་ཐོག་ད་དུང་《“བེ་ཤ་ནས་འགོ་ཚུགས་པ་དང་བེ་ཤ་ལས་མི་ཚད་པ”སེམས་ཀྱི་ཉི་ཟླའི་བེ་ཤ་ཟས་མཆོག་ལག་དེབ》དང་བདེ་ཆེན་གྱི་བེ་ཤ་ཟས་མཆོག་ས་བཀྲ་ཐོག་མར་འགྲེམས་སྤེལ་བྱས་ནས་སྐུ་མགྲོན་ཚོར་བདེ་ཆེན་གྱི་བེ་ཤ་ཐོན་ཁུལ་ཆེ་གྲས་བཅུ་དང་དེ་བཞིན་བདེ་ཆེན་གྱི་དངོས་པོ་བཟང་པོ་འོས་སྦྱོར་བྱས་པ་རེད།

    རྫོང་(གྲོང་ཁྱེར)གསུམ་གྱི་སྲིད་གཞུང་དང་།ཐོན་ལས་འདུས་ཁུལ་དོ་དམ་ཨུ་ལྷན།ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན།འབྲེལ་ཡོད་ཁེ་ལས་དང་དེ་བཞིན་རྒྱལ་ནང་གི་གསར་འགྱུར་སྨྱན་སྦྱོར་10ལྷག་ཙམ་འགོ་ཚུགས་མཛད་སྒོར་ཞུགས་ཡོད།