རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-07-04   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཟླ་7ཚེས་2ཉིན་གྱི་སྔ་དྲོར། ཁུལ་ཨུའི་ཏང་གི་མང་ཚོགས་ཚོགས་པའི་ལས་དོན་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་མང་ཚོགས་ཚོགས་པའི་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་རིམ་ཁག་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ནས་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་སྐུལ་སློང་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བདེ་ཆེན་གསར་པ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་འབད་བརྩོན་ལྷོད་མེད་བྱ་དགོས་པའི་ནན་བཤད་གནང་།
ཁུལ་ཨུའི་ཀྱི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ལི་ཡན་ལན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཚོགས་འདུའི་ཐོག་ཁུལ་ཨུས་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཚོགས་པའི་ལས་དོན་ལ་མཐོང་ཆེན་བྱེད་པ་དང་རིམ་ཁག་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་འཛུགས་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས་ འཕེལ་རྒྱས་ལ་ཞབས་འདེགས་ཞུ་རྒྱུ་དང་། སྤྱི་ཚོགས་ལ་ཞབས་ཞུ། མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་བཅས་ཀྱི་ཁྲོད་གྲུབ་འབྲས་གཟེངས་སུ་ཐོན་པའི་ལས་དོན་འབོར་ཆེན་བསྒྲུབས་ཡོད། རང་་ཁུལ་གྱི་མང་ཚོགས་ཚོགས་པའི་ལས་དོན་ཐད་ད་དུང་གནད་དོན་དང་དཀའ་ངལ་མི་ཉུང་བ་ཞིག་ཡོད་པས་ངེས་པར་དུ་དངོས་སྒྲུབ་ནུས་ལྡན་གྱི་བྱེད་ཐབས་སྤྱད་དེ་གནད་དོན་དག་ཐེར་བྱ་རྒྱུར་སྐུལ་འདེད་བཏང་ནས་མང་ཚོགས་ཚོགས་པའི་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།
ཚོགས་འདུའི་ཐོག་ཁུལ་ཡོངས་ཀྱི་ཚོགས་པའི་བྱ་གཞག་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས་ན། ཆབ་སྲིད་འཛུགས་སྐྱོང་ཨང་དང་པོར་འཇོག་དགོས་པ་དང་། ལྟེ་བར་དམིགས་ནས་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་དང་། ཟམ་པ་དང་འབྲེལ་ཐག་གི་ནུས་པ་འདོན་སྤེལ་བྱེད་པ། སྒྱུར་བཅོས་གསར་གཏོད་མཐའ་འཁྱོངས་བྱེད་པ། ཏང་གིས་ཚོགས་པའི་ལས་དོན་ལ་འགོ་ཁྲིད་བྱེད་པའི་འགན་འཁྲི་ཤུགས་སྣོན། ཚོགས་པའི་རྩ་འཛུགས་དང་ཏང་ཙུའུ་ཡི་འགོ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་བཅས་དང་སྡེ་ཚན་ཁག་གིས་ཚོགས་པའི་ལས་དོན་འགན་ལེན་བྱེད་པའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས།
ཚོགས་འདུའི་ཐོག་ད་དུང་ཞིང་ཨུའི་ཏང་གི་མང་ཚོགས་ཚོགས་པའི་ལས་དོན་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་འབའ་ལུང་རྫོང་ཨུད་དང་ཁུལ་ཨུའི་རྩ་འཛུགས་པུའུ་སོགས་ཚན་པ་ལྔའི་འགན་འཁུར་བས་ལས་དོན་སྤེལ་རེས་ཀྱི་གཏམ་བཤད་གནང་བ་རེད།
ཁུལ་གྱི་འགོ་ཁྲིད་དབྱང་ཙི་ཅང་དང་། ལི་དབྱང་། སྐལ་བཟང་རྣམ་རྒྱལ། སུང་ཡུང་ལི། ཡུས་ཡུང་ཧུང་། ཡུས་ཀུའེ་ཧྥུན་། ཧྲི་ཁྲུན་མིང་བཅས་ཚོགས་འདུར་ཞུགས་པ་རེད།
ཚོགས་འདུ་བརྙན་ལམ་གྱི་རྣམ་པའི་ཐོག་ནས་རྫོང་གསུམ་(གྲོང་ཁྱེར)དང་ཤང་ཀེ་ལི་ལའི་ཐོན་ལས་གླིང་ཁུལ་དུ་འཚོགས་པ་རེད།