བདེ་ཆེན་ཁུལ་སེམས་ཉི་ཟླ་སློབ་འབྲིང་གི“རི་མཐོའི་རྩི་ཤིང་ལྡུམ་རའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞིའི”སྒོ་བྱང་བཀལ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-07-04   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    

    ཉེ་ཆར་བདེ་ཆེན་ཁུལ་སེམས་ཉི་ཟླ་སློབ་འབྲིང་གི“རི་མཐོའི་རྩི་ཤིང་ལྡུམ་རའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞིའི”སྒོ་བྱང་འགལ་བའི་འགོ་ཚུགས་པའི་མཛད་སྒོ་རི་མཐོའི་རྩི་ཤིང་ལྡུམ་རར་འཚོགས་པ།སྒོ་བྱང་འགལ་བའི་མཛད་སྒོ་བདེ་བླག་ངང་སྤེལ་བས་རྟེན་གཞི་དེ་དངོས་སུ་སྤྱོད་འགོ་ཚུགས་པ་མཚོན་ཡོད། 

    ཤེས་རྟོགས་བྱུང་བར་གཞིགས་ན། སེམས་ཀྱི་ཉི་ཟླའི་རི་མཐོའི་རྩི་ཤིང་ལྡུམ་རའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་བཙུགས་པའི་དམིགས་ཡུལ་ནི་ཞི་ཅིན་ཕིང་གྱི་སྣོད་བཅུད་ཤེས་དཔལ་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ནས། སེམས་ཀྱི་ཉི་ཟླའི་རི་མཐོའི་རྩི་ཤིང་ལྡུམ་རའི་ཡུན་ནན་ཞིང་ཆེན་ཚན་རིག་ཁྱབ་གདལ་སློབ་གསོའི་རྟེན་གཞི་དང་ཡུན་ནན་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་སློབ་གསོའི་རྟེན་གཞི་ཡིན་པའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱ་ཆེད་ཡིན་པ་རེད། ཞིབ་འཇུག་སློབ་སྦྱོང་རྟེན་གཞི་བཙུགས་པ་དེས་སློབ་མར་རང་བྱུང་ཁམས་དང་ཉེ་བར་བཅར་ཐུབ་པ་དང་རྩི་ཤིང་གི་ཤེས་བྱ་སློབ་སྦྱོང་བྱེད་པའི་སྟེགས་བུ་ཡག་ཤོས་ཤིག་མཁོ་འདོན་བྱེད་པ་རེད། འབྱུང་འགྱུར་གྱི་སེམས་ཀྱི་ཉི་ཟླའི་སློབ་འབྲིང་གིས་ཞིབ་འཇུག་སློབ་སྦྱོང་རྟེན་གཞིའི་ལེགས་ཆ་གང་ལེགས་སྤྱད་དེ། སློབ་མ་སྒྲིག་འཛུགས་བྱས་ནས་སྣ་མང་ཕུན་སུམ་ཚོགས་པའི་ཞིབ་འཇུག་སློབ་སྦྱོང་བྱེད་སྒོ་སྤེལ་ཏེ། གཞོན་ནུ་ལོ་ཆུང་གིས་སྣོད་བཅུད་སྲུང་སྐྱོང་ལ་ངོས་འཛིན་དང་དེའི་ནང་ཞུགས་ཚད་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། རྩི་ཤིང་ལྡུམ་རའི་རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ། རིག་གནས་ཀྱི་འཇམ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ཐུན་མོང་ཐོག་ལྗང་མདོག་གི་ཕུགས་འདུན་གཏོད་པ། ཐུན་མོང་ཐོག་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བཅས་བྱེད་རྒྱུ།