པོ་ཏ་མཚོ་རུ་མེ་ཏོག་སྣ་བརྒྱ་བཞད་ནས་རྒྱང་གི་མགྲོན་པོ་བསུ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-07-05   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    དུས་ཚིགས་འདིར་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་དུ་མེ་ཏོག་སྣ་མང་མཉམ་དུ་བཞད་ནས་མཛེས་སྡུག་རྣམ་པར་བཀྲ།མིང་ཤེས་པ་དང་མི་ཤེས་པའི་རི་སྐྱེས་མེ་ཏོག་བགྲང་གིས་མི་ལང་བ་ཞིག་ག་ས་གང་དུ་བཞད་ཡོད།མེ་ཏོག་གི་སྣ་ཁ་དང་ཚོས་གཞི་ནི་དུས་ཚིགས་དང་བསྟུན་ནས་འགྱུར་ལྡོག་འགྲོ་བས་པོ་ཏ་མཚོའི་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་གྲུབ་ནས་རྒྱང་རིང་གི་ཡུལ་སྐོར་བར་བསུ་བ་བྱེད།

    དབྱར་གནང་གི་སྐབས་སུ།སྐུ་ཉིད་གྲོགས་པོ་དང་མཉམ་དུ་སེམས་ཀྱི་ཉི་ཟླར་ཚ་གཡོལ་བྱེད་དུ་ཡོང་ཆོགགནས་འདི་ནས་ཁྱེད་རང་གྲོང་ཁྱེར་གྱི་འུར་སྒྲ་དང་ཚ་བ་དང་རིང་དུ་གྱེས་ནས་རང་བྱུང་ཁམས་ཀྱི་ལྷིང་འཇགས་དང་བསིལ་བ་ལོངས་སུ་སྤྱོད་ཆོག གནས་འདི་ནས་ཁྱེད་རང་མེ་ཏོག་གི་རྒྱ་མཚོའི་ནང་དུ་འཆམ་འཆམ་དུ་སོང་ནས་མེ་ཏོག་གི་མཛེས་སྡུག་དང་དྲི་ཞིམ་ཚོར་ཐུབ། གནས་འདི་ནས་ཁྱེད་རང་ནགས་ཚལ་བརྒལ་ནས་རང་བྱུང་གི་གསང་བ་འཚོལ་ཞིབ་བྱེད་ཆོག

    ཁྱེད་ནི་བརྙན་ལེན་པར་དགའ་མཁན་ཞིག་ཡིན་ནའང་འདྲ།རང་བྱུང་མྱུལ་དཔྱད་པ་ཞིག་ཡིན་ནའང་འདྲ།ཡང་ན་སྤྱིར་བཏང་གི་ཡུལ་སྐོར་བ་ཞིག་ཡིན།སེམས་ཀྱི་ཉི་ཟླ་ཡིས་ཁྱོད་ལ་ཉམས་མྱོང་དང་ཚོར་བ་མི་འདྲ་བ་ཁྱེར་ཡོང་།

ཡུལ་སྐོར་བ་ཆར་པའི་ཁྲོད་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བྱེད་བཞིན་པ།

མཛེས་པའི་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་།

བལ་འཐག་མཚོ་ལ་རྒྱང་ལྟ་བྱེད་པ།