སེམས་ཀྱི་ཉི་ཟླའི་བེ་ཤ་ཐོན་ཁུལ་ཆེ་གྲས་བཅུ་གཏེར་མ་རོང་དུ་བསྐྱོད་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-07-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གཏེར་མ་རོང་ཤང་གིས་ས་བབ་མཐོ་བ་དང་ཕུན་སུམ་ཚོགས་པའི་ནགས་ཚལ་ཐོན་ཁུངས་ལ་བརྟེན་ནས་བེ་ཤ་སྐྱེ་འཚར་གྱི་ཁོར་ཡུག་བཟང་བོ་ཞིག་བཏོད་ཡོད།  བེ་ཤའི་ཤ་མོ་བྲོ་བ་ཞིམ་པས་མིང་དུ་གྲགས་པ་དང་འཛད་སྤྱོད་པས་དགའ་པོ་ཆེན་པོ་བྱེད་ཀྱི་ཡོད།   

        ཕུན་སུམ་ཚོགས་པའི་བེ་ཤ་ཐོན་ཁུངས་ཕུད་གཏེར་མ་རོང་ཤང་གི་བོད་རིགས་ལག་ཤེས་བཟོ་རྩལ་ལ་ལོ་རྒྱུས་ཡུན་རིང་ལྡན་པས་ཡུལ་སྐོར་བས་ས་གནས་དེ་གའི་ལག་ཤེས་བཟོ་རྩལ་བཟོ་ཁང་ལ་ལྟ་སྐོར་བྱས་ནས་བོད་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ཐོན་རྫས་བཟོ་བའི་སྤྲོ་སྣང་ཉམས་ལེན་བྱེད་ཆོག   

        གཏེར་མ་རོང་ཤང་གི་ལུང་གཞུང་ཁུལ་གྱི་ཡུལ་ལྗོངས་ལྟ་ན་སྡུག་པ་དང་རྐང་ཐང་དུ་བསྐྱོད་པ་དང་པར་ལེན་བྱ་ཡུལ་ཡག་ཤོས་ཤིག་རེད།རི་མཐོའི་སྤང་ལྗོངས་ནི་རི་སྐྱེས་སྲོག་ཆགས་ལ་ལྟ་སྐོར་དང་ཕྱི་རོལ་གྱི་བྱེད་སྒོ་སྤེལ་ཡུལ་ཡག་པོ་ཞིག་ཡིན།གདོད་མའི་ནགས་ཚལ་དུ་བསྐྱོད་ཚེ་ཡུལ་སྐོར་བས་བེ་ཤའི་སྐྱེ་འཚར་ཁོར་ཡུག་འཚོལ་ཞིབ་བྱས་ནས་རང་བྱུང་ཁམས་ཆེན་མོའི་ངོ་མཚར་དང་བརྗིད་ཉམས་མྱོང་ཚོར་བྱེད་ཐུབ།

        ས་གནས་དེ་གའི་བེ་ཤ་གཡོས་སྦྱོར་ལག་རྩལ་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པས་ཚང་མས་བེ་ཤ་རྒྱུ་ཆར་བྱས་པའི་བྲོ་བ་ཞིམ་པའི་ཚལ་སྣ་ཚོགས་མྱོང་ཐུབ། གཞན་ཡང་ད་དུང་ཇ་བསྲུབས་མ་དང་།    ནས་ཆང་།    རྩམ་པ་སོགས་བོད་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཞིམ་ཟས་ཡོད་པས་ཚང་མས་བྲོ་བ་ཐོག་ནས་གཏེར་མ་རོང་ཤང་གི་ཡིད་དབང་འཕྲོག་ཤུགས་ཚོར་ཐུབ་པ།