རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-07-09   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སྐད་ཚགས་ཤང་ནི་
སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་བྱང་རྒྱུད་དུ་གནས་པ་དང་།
བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྐད་ཚགས་ཤང་དུ་བེ་ཤ་ཐོན་འབོར་ཆེ་བ་མ་ཟད།
བོད་ཀྱི་རིག་གནས་རྒྱུན་འཛིན་བྱེད་ས་ཡང་ཡིན།
སྐད་ཚགས་ཤང་གི་བེ་ཤ་ནི་
དེའི་ཐུན་མོང་མ་ཡིན་པའི་བྲོ་བ་དང་
འཚོ་བཅུད་རིན་ཐང་ལ་བརྟེན་ནས་
ཤ་མོ་ནང་གི་རྒྱལ་པོ་ཞེས་པའི་
མཚན་སྙན་ཐོབ་པ་དང་
ལོ་ལྟར་བེ་ཤ་འཐུ་བའི་དུས་ཚིགས་སུ་
མགྲོན་པོ་དང་ཡུལ་སྐོར་བ་མང་པོའི་ཡིད་དབང་འཕྲོག་ཡོད།
2019ལོར་སྐད་ཚགས་ཤང་གིས་སེམས་ཀྱི་ཉི་ཟླ་བེ་ཤའི་ཕ་ས་བེ་ཤ་འཐུ་བསྡུ་དུས་ཆེན་དང་བེ་ཤ་ཡུལ་སྐོར་ལམ་ཐིག་ཐོན་རྫས་ཡོངས་བསྒྲགས་ཚོགས་འདུ་སྐབས་དང་པོ་འཚོགས་པ་དང་2020ལོར་བེ་ཤའི་ཕ་ས་བེ་ཤ་འཐུ་བསྡུ་དུས་ཆེན་དང་བེ་ཤ་ཡུལ་སྐོར་ལམ་ཐིག་ཐོན་རྫས་ཡོངས་བསྒྲགས་ཚོགས་འདུ་སྐབས་གཉིས་པ་འཚོགས་པ། 2022ལོར་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་བེ་ཤ་དུས་ཆེན་སྐབས་གསུམ་པའི་བྱེད་སྒོ་སྤེལ་བ། 2023་ལོར་བེ་ཤའི་ཕ་ས་སྐད་ཚགས་སྐབས་བཞི་པའི་བེ་ཤ་འཐུ་བ་དང་རིག་གནས་ཡུལ་སྐོར་དུས་ཆེན་སྤེལ་བ་རེད།
སྐད་ཚགས་ཤང་གི་གངས་རི་དང་། མཚེའུ། ནགས་ཚལ་བཅས་ཀྱིས་མི་སེམས་འགུལ་བའི་རི་མོ་རེ་རེ་གྲུབ་ཡོད་པས་རྐང་ཐང་སོང་ནས་གངས་རིའི་རྩེ་མོར་བསྐྱོད་ནས་ས་མཐོའི་བརྗིད་ཆགས་དང་དཔོག་དཀའ་བ་ཉམས་སུ་མྱོང་ཐུབ་ལ། གདོད་མའི་ནགས་ཚལ་ཁྲོད་དུ་རྐང་ཐང་སོང་ནས་མཁའ་དབུགས་གཙང་མ་འབྱིན་རྔུབ་བྱས་ནས་རང་བྱུང་ཁམས་ཆེན་མོའི་སྒྲ་ལ་ཉན་པ།