སེམས་ཀྱི་ཉི་ཟླའི་བེ་ཤ་ཐོན་ཁུལ་ཆེ་གྲས་བཅུ་རྒྱལ་ཐང་དུ་བསྐྱོད་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-07-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


        སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་ལ་ཐུན་མོང་མ་ཡིན་པའི་རང་བྱུང་ཆ་རྐྱེན་ཡོད་པ་དང་ནགས་ཚལ་སྟུག་པས། བེ་ཤ་སྐྱེ་འཚར་ལ་ཁོར་ཡུག་ཡག་པོ་ཞིག་མཁོ་འདོན་བྱས་ཡོད།     ལྷག་པར་དུ་རྒྱལ་བདེ་གྲོང་ཚོ་ནི་རྒྱལ་ཐང་གྲོང་རྡལ་གྱི་བེ་ཤ་ཐོན་ཁུལ་གཙོ་བོ་ཞིག་ཡིན་པའི་ངོས་ནས་ལོ་རེར་ཐོན་ཚད་ཏུན་བརྒྱ་ཕྲག་ཁ་ཤས་ཟིན་ནས་ཐོན་རྫས་རིན་ཐང་ཡག་པོ་ཡོད་པ་རེད།     བེ་ཤ་འཐུ་བའི་དུས་ཚིགས་སུ་ཡུལ་སྐོར་བ་ཚོས་གཅིག་རྗེས་གཉིས་མཐུད་ངང་ཡོང་ནས་ཆེས་གསར་ཞིང་བྲོ་བ་ཞིམ་ཤོས་ཀྱི་བེ་ཤའི་བྲོ་བ་མྱོང་ཆེད་ཡོང་གི་ཡོད།  

        ཕུན་སུམ་ཚོགས་པའི་བེ་ཤ་ཐོན་ཁུངས་ཕུད་རྒྱལ་ཐང་གྲོང་རྡལ་གྱིས་ད་དུང་སྒོར་བྲོ་དང་། བོད་ཀྱི་རྒྱན་གོས། ཇ་བསྲུབས་མ། ནས་ཆང་སོགས་ཕུན་སུམ་ཚོགས་པའི་བོད་རིགས་རིག་གནས་ཀྱིས་ཡུལ་སྐོར་བ་མང་པོའི་ཡིད་དབང་འཕྲོག་ཡོད།

        རྒྱལ་ཐང་གྲོང་རྡལ་ལ་ད་དུང་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་དང་། སུམ་རྩེན་གླིང་ལྗོངས་ཁུལ།    རྡོ་མཁར་རྫོང་།    ཤྭ་ཁ་རི་བོ་བཅས་མི་རྣམས་ཀྱིས་བསྔགས་བརྗོད་བྱེད་འོས་པའི་རང་བྱུང་མཛེས་ལྗོངས་མང་པོ་ཡོད་པས་དེ་གར་ཡུལ་སྐོར་བ་ཚོས་ལོ་རྒྱུས་ཀྱི་ཕུན་སུམ་ཚོགས་པོ་དང་རང་བྱུང་ཁམས་ཀྱི་མཛེས་སྡུག་མྱོང་ཚོར་ཐུབ་ཀྱི་ཡོད།

        གཞན་ཡང་རྒྱལ་ཐང་གྲོང་རྡལ་གྱིས་ད་དུང་ཁྱད་ལྡན་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད། དཔེར་ན་རྒྱལ་བདེའི་བེ་ཤ་དུས་ཆེན་དང་བེ་ཤ་འཐུ་བའི་ཡུལ་སྐོར་སོགས་ལྟ་བུའི་བྱེད་སྒོ་དེ་དག་གིས་ཡུལ་སྐོར་བ་ཚོ་བེ་ཤ་འཐུ་བའི་བརྒྱུད་རིམ་ནང་དངོས་སུ་ཞུགས་ཐུབ་པ་མ་ཟད། རང་བྱུང་ཁམས་ཀྱི་གནང་བའི་ལག་རྟགས་མྱོང་ཚོར་ཐུབ་པ་དང་བོད་རིགས་མི་དམངས་ཀྱི་སྤྲོ་སེམས་དང་མགྲོན་པོར་སྣེ་ལེན་ཞུ་ལུགས་ཉམས་སུ་མྱོང་ཐུབ།