ལུའོ་ཁྲའོ་ཧྥེང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ཕེབས་ནས་གཞི་རིམ་གྱི་བཅོས་སྒྲིག་ལས་ཀར་བརྟག་ཞིབ་གནང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-07-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་7པའི་ཚེས་9ཉིན། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་རུ་སྣེ་ཁྲིད་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཧྲང་ཅང་ཤང་དང་ཅིན་ཅང་གྲོང་རྡལ་དུ་ཕེབས་ནས་གཞི་རིམ་གྱི་བཅོས་སྒྲིག་ལས་ཀར་བརྟག་ཞིབ་གནང་སྐབས་གཞི་རིམ་གྱི་བཅོས་སྒྲིག་མ་ལག་དང་བཅོས་སྒྲིག་ནུས་ཤུགས་དེང་རབས་ཅན་དུ་སྐུལ་འདེད་བཏང་ནས་བདེ་ཆེན་གྱི་སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་ལ་ཁག་ཐེག་བྱེད་དགོས་པའི་ནན་བཤད་གནང་།

        ས་གནས་དེ་གར་དྲ་མིག་མི་སྣ་ག་ཚོད་ཡོད། ཉིན་རེར་ཆ་འཕྲིན་ག་ཚོད་གང་ལ་སྙན་སེང་ཞུ་ཡོད། གནད་དོན་དང་འགལ་བ་གཙོ་བོ་ཕྱོགས་གང་དག་ལ་གཅིག་སྡུད་བྱེད་ཡོད།ཐག་གཅོད་བྱ་ཐབས་ཅི་ཞིག་ཡོད།ལུའོ་ཁྲའོ་ཧྥེང་དང་བཅས་པ་སྔ་རྗེས་སུ་ཧྲང་ཅང་ཤང་མུའུ་ཀའོ་གྲོང་ཚོ་དང་སི་ཝང་གྲོང་ཚོ།ཅིན་ཅང་གྲོང་རྡལ་ཨུ་ཀྲུའུ་གྲོང་ཚོར་ཕེབས་ནས་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྒྲིག་སྣེ་ཁྲིད་བྱེད་པ། འགལ་བ་དང་རྩོད་གཞི་གྲལ་བཤེར་དང་སེལ་བ། ཡིག་སྐུར་ངོ་གཏུག་གི་ལས་ཀ་སྤེལ་ཚུལ་སོགས་ལ་བརྟག་ཞིབ་དང་གཞི་རིམ་ལས་བྱེད་མི་སྣ་དང་སྤེལ་རེས་གནང་ནས། ས་གནས་ཁག་གི་གཞི་རིམ་བཅོས་སྒྲིག་ཁྲོད་ཀྱི་ཉམས་མྱོང་དང་བྱེད་ཐབས་ཞིབ་ཕྲའི་ངང་རྒྱུས་ལོན་བྱུང་བ་དང་གནས་པའི་གནད་དོན་མཉམ་དུ་དབྱེ་ཞིབ་བྱེད་པ་རེད།

        ལུའོ་ཁྲའོ་ཧྥེང་གིས་གཞི་རིམ་བཅོས་སྒྲིག་ཡག་པོ་བྱེད་པར་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ་དང་གནད་དོན་ཕྱོགས་སྟོན་དུ་བྱེད་པ། དུས་རབས་གསར་པའི་“ཧྥེང་ཆའོ་ཉམས་མྱོང་”ཞེས་པ་ལག་བསྟར་བྱེད་པ།  ཁྲིམས་ལུགས་ཁྱབ་གདལ་དང་རྨང་གཞི་བརྟན་གཏོང་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། རིམ་ཁག་ཧྲུའུ་ཅིས་ཞིང་ཨུའི་བླང་བྱར་ལྟར་གྲོང་རྡལ་རེ་གྲོང་ཚོ་རེ་ལ་ལས་ཀ་ཡག་པོ་སྒྲུག་དགོས། གཞི་རིམ་གྱི་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་རྒྱུན་མཐུད་ཀྱིས་སློབ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་།

        རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་དང་འབྲེལ་ཡོད་སྲིད་ཇུས་རྒྱུས་ལོན་བྱེད་པ། ཁྲིམས་ལྟར་སྒྲིག་ལྟར་གྱིས་ལས་ཀ་ཁག་སྒྲུབ་པ། རྒྱུན་མཐུད་དུ་རང་ཉིད་ཀྱིས་ཉེན་ཁའི་ཚོད་བགམ་ཁག་ལ་ཁ་གཏད་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་།

        ཁུལ་འགོ་ཁྲིད་དབྱང་ཙི་ཅང་དང་ཁྲིན་ཆོན། དབྱང་ཞུའེ་ཝེ་བརྟག་ཞིབ་ཏུ་ཞུགས།