སེམས་ཀྱི་ཉི་ཟླའི་བེ་ཤ་ཐོན་ཁུལ་ཆེ་གྲས་བཅུ་མཐའ་ཆུར་བསྐྱོད་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-07-11   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


མཐའ་ཆུ་གྲོང་རྡལ་གྱིས་

ཐུན་མོང་མ་ཡིན་པའི་ས་ཁམས་གནས་བབ་དང་

ཕུན་སུམ་ཚོགས་པའི་རང་བྱུང་ཐོན་ཁུལ་ལ་བརྟེན་ནས་

གྲོང་གསེབ་ཡུལ་སྐོར་གྱི་འོད་མདངས་བཀྲ་བའི་མུ་ཏིག་ལྟ་བུར་གྱུར་པ་དང་

འཛམ་གླིང་ཀུན་གྱིས་ཁས་ལེན་པའི་བེ་ཤ་ཐོན་ཁུལ་ཡག་ཤོས་ཀྱི་གྲས་ཤིག་རེད།

        ཆི་པེ་གྲོང་ཚོ་ནི་མཐའ་ཆུ་གྲོང་རྡལ་གྱི་གལ་ཆེའི་གྲོང་ཚོ་ཞིག་ཡིན་པའི་ངོས་ནས་དེའི་ཞིང་སྡེའི་མཛེས་ལྗོངས་དང་། སྐྱེ་ཁམས་ཞིང་ལས། དམངས་སྲོལ་གོམས་གཤིས་ཀྱི་མཛེས་ལྗོངས་བཅས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ཡོད། འདི་གར་ཡུལ་སྐོར་བས་རྒུན་ཆང་དང་། འབྲས་ཞིང་དུ་ཉ་དང་ངང་པ་གསོ་བ་སོགས་ཁྱད་ལྡན་ཐོན་ལས་དངོས་སུ་ཉམས་སུ་མྱོང་ཐུབ་པ་དང་། ཞིང་ལས་ཡུལ་སྐོར་ཟུང་འབྲེལ་དང་རིག་གནས་ཡུལ་སྐོར་ཟུང་འབྲེལ་བྱེད་པའི་གྲོང་གསེབ་ཡུལ་སྐོར་གྱི་ལམ་བུ་གསར་པ་ཉམས་སུ་མྱོང་ཐུབ།

        བླ་འཕེལ་གཙང་པོ་མཐའ་ཆུའི་མངའ་ཁོངས་ཡོངས་སུ་རྒྱུག་པ་དང་རོང་ཁུལ་གྱི་མཛེས་ལྗོངས་ལྟ་ན་སྡུག་པས་རྐང་བགྲོད་ཡུལ་སྐོར་དང་པར་ལེན་བྱ་ཡུལ་ཡག་ཤོས་ཤིག་རེད།


        ས་གནས་དེ་གའི་ཁྱད་ལྡན་ཟས་མཆོག་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པས་རྒུན་ཆང་དང་སྐྱེ་ཁམས་འབྲས། གུར་གུམ་སོགས་རྒྱུ་ཆར་བྱས་པའི་ཟས་མཆོག་ཞིམ་པོའི་བྲོ་བ་མྱོང་ཐུབ། གཞན་ཡང་ད་དུང་ཇ་བསྲུབས་མ་དང་ནས་ཆང་། རྩམ་པ་སོགས་བོད་རིགས་ཀྱི་ཁྱད་ལྡན་ཟས་མཆོག་ཡོད་པས་ཚང་མས་ལྕེ་ཐེའུ་ཐོག་ནས་ཀྱང་མཐའ་ཆུ་གྲོང་རྡལ་གྱི་ཡིད་དབང་འཕྲོག་ཤུགས་ཚོར་དུ་འཇུག་པ།