སེམས་ཀྱི་ཉི་ཟླའི་བེ་ཤ་ཐོན་ཁུལ་ཆེ་གྲས་བཅུ་ཕན་ཐེན་ཀོ་ཤང་དུ་བསྐྱོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-07-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཕན་ཐེན་ཀོ་ཤང་ནི་འཛམ་གླིང་གི་རང་བྱུང་ཤུལ་བཞག་གཙང་གསུམ་མཉམ་རྒྱུག་མཛེས་ལྗོངས་ཁུལ་གྱི་དཀྱིལ་དབུས་སུ་གནས་པ་དང་འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་ཆུ་འབྲས་འདེབས་འཛུགས་ཁུལ་ཞེས་པའི་མཚན་སྙན་ཡོད་པ་དེ་ནི་ཕུའུ་སྨི་རིགས་དང་། ལི་སུའུ་རིགས། བོད་རིགས། འཇང་རིགས་སོགས་མི་རིགས་མང་པོ་འདུས་སྡོད་ཁུལ་ཞིག་ཡིན་པ་མ་ཟད། ཏན་སྤྲེའུ་སྤུ་སེར་གྱི་དགའ་ཚལ་ཞིག་ཀྱང་ཡིན་པ་དང་། ས་མ་ཀོ་ཡི་ཁྱིམ་མཚེས་ཡིན་ལ་བེ་ཤ་སྐྱེ་འཚར་གྱི་ནོར་བུ་ས་ཆ་ཞིག་དེ་བས་ཀྱང་ཡིན།

        ཕན་ཐེན་ཀོ་ཤང་གི་བེ་ཤ་དེའི་ཐུན་མོང་མ་ཡིན་པའི་ས་ཁམས་ཁོར་ཡུག་དང་གནམ་གཤིས་ཀྱི་ཆ་རྐྱེན་ལ་བརྟེན་ནས་སྐྱེས་པའི་བེ་ཤའི་སྤུས་ཚད་ལེགས་སུ་ཕྱིན་ནས་མགྲོན་པོ་དང་ལུས་ཟུངས་གསོ་རྒྱུར་དགའ་པོ་བྱེད་མཁན་ཚོས་དགའ་པོ་བྱེད་ཀྱི་ཡོད། ལོ་ལྟར་གྱི་བེ་ཤ་འཐུ་བའི་དུས་ཚིགས་སུ་ཡུལ་སྐོར་བ་མང་པོ་ཞིག་གི་ཡིད་དབང་བཀུག་ནས་འཐུ་བའི་སྤྲོ་སྣང་ཉམས་སུ་མྱོང་བ་དང་རང་བྱུང་ཁམས་ཆེན་པོ་དེའི་ལེགས་སྐྱེས་ལ་རོལ་མྱོང་བྱེད་ཀྱི་ཡོད།

        ཕན་ཐེན་ཀོ་ཤང་གི་འབྲུ་ནག་དེའི་ཐུན་མོང་མ་ཡིན་པའི་གཤིས་རྒྱུད་དང་གཏིང་ཟབ་པའི་རིག་གནས་ཀྱི་ནང་དོན་ལ་བརྟེན་ནས་འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་འབྲས་ཀྱི་སྤུས་རྟགས་སུ་བསྔགས་བརྗོད་བྱེད་ཀྱི་ཡོད། དེ་དང་ཆབས་ཅིག་ཏི་ཀུའུ་ཚོགས་ཆུང་དུ་ཕུའུ་སྨི་རིགས་ཀྱི་ཁྱད་ལྡན་གྲོང་ཚོ་ཡོད་པ་དང་ས་གནས་དེ་གའི་གྲོང་ཚོའི་སྲོལ་རྒྱུན་སྡོད་ཁང་གི་ཉམས་འགྱུར་དང་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སོར་འཇོག་བྱས་ཡོད་པས་ཡུལ་སྐོར་བས་ཕུའུ་སྨི་རིག་གནས་བར་ཐག་མེད་པར་ཉམས་ལེན་དང་མི་རིགས་ཀྱི་ལོ་རྒྱུས་ཤེས་རྟོགས་ཐུབ་ནས་མི་རིགས་སྤེལ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་ཐུབ།