སེམས་ཀྱི་ཉི་ཟླའི་བེ་ཤ་ཐོན་ཁུལ་ཆེ་གྲས་བཅུའི་ཧྲེང་ཕིང་དུ་བསྐྱོད་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-07-15   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཧྲེང་ཕིང་གྲོང་རྡལ་ནི་མཚོ་བོད་ས་མཐོའི་ལྷོ་རྒྱུད་འཕྲེད་བཅད་རི་རྒྱུད་ཀྱི་དཀྱིལ་དབུས་དང་སྨན་རི་རྒྱལ་ཁབ་སྤྱི་གླིང་གི་ལྟེ་བའི་ཁུལ་དུ་གནས་པ་དང་། ཇ་རྟའི་གནའ་ལམ་སྟེང་གི་འགག་རྩའི་དངོས་ཟོག་བསྡུ་འགྲེམས་ལྟེ་གནས་ཤིག་ཡིན་པས་གངས་རིའི་ཁྲོམ་ར་ཞེས་པའི་མཚན་སྙན་ཡོད།

图片

        དབུ་ནུབ་སྟེང་ལྗོངས་ལྟ་སྟེགས་བུ་དེ་ཧྲེང་ཕིང་གྲོང་རྡལ་དབུ་ནུབ་སྟེང་གྲོང་ཚོར་གནས་པ་དང་འདི་གར་མཆོད་རྟེན་དཀར་པོ་བཅུ་གསུམ་ཀྲོང་ངེར་ལངས་ཡོད་པ་དང་སྨན་རི་བཅུ་གསུམ་དང་ཁ་གཏད་དུ་གནས་ཡོད་པར་བརྟེན་མཆོད་རྟེན་དཀར་པོ་བཅུ་གསུམ་གྱི་མགྲོན་བསུ་སྟེགས་བུ་ཡང་ཟེར་གྱི་ཡོད་པ་དང་། འདི་ནི་ཁ་བ་དཀར་པོར་ཉི་འོད་ཕོག་པའི་མཛེས་ལྗོངས་ལྟ་བའི་ས་ཆ་ཡག་ཤོས་ཤིག་ཡིན་པ་དང་དེ་ནས་སྨན་རིར་ལྟ་སྐབས་རྔམ་བརྗིད་ལྡན་ལ་བརྗིད་ཉམས་ལྡན་པ་ཞིག་ཡོད།

图片

        ཡུལ་སྐོར་བས་ཧྲེང་ཕིང་གྲོང་རྡལ་དུ་བསྐྱོད་ན་ད་དུང་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཟས་ཞིམ་པོ་དང་གཞས་སྙན་མོ་ཉམས་ལེན་བྱེད་ཐུབ།