སེམས་ཀྱི་ཉི་ཟླའི་བེ་ཤ་ཐོན་ཁུལ་ཆེ་གྲས་བཅུའི་ཀོང་རྩེད་རར་བསྐྱོད་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-07-15   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

图片

    གནའ་སྔ་མོ་ནས་བཟུང་ཀོང་རྩེད་ར་ནི་ཡུན་བོད་འགྲིམ་འགྲུལ་གྱི་མིད་པའི་འགག་མདོ་ཡིན་པས་ཚོང་དོན་དར་རྒྱས་དང་དཔལ་འབྱོར་འཁྲུག་ཆ་དོད་པོ་ཡོད། བོད་ཀྱི་དུས་སྐབས་ནས་བཟུང་ཀོང་རྩེད་ར་ནི་ལྷོ་ནུབ་བོད་སྐྱོད་གནའ་ལམ་དང་ཡུན་བོད་ཇ་རྟའི་གནའ་ལམ་བརྒྱུད་དགོས་ངེས་ཀྱི་ས་ཆ་ཞིག་ཡིན་པ་དང་ཚོང་འགྲུལ་གྲངས་ལས་འདས་པའི་དཀའ་ཚེགས་དང་བློ་བརྟན་འགྱུར་མེད་ཀྱི་དཔང་པོ་བྱས་ཡོད། འདི་གའི་ལོ་རྒྱུས་དང་རིག་གནས་ཀྱི་ནང་དོན་ནི་ལོ་རྒྱུས་ཀྱི་དེབ་ཐེར་གསོན་ཉམས་ལྡན་པ་ཞིག་དང་འདྲ་བར་ང་ཚོས་རྒྱང་ཐག་རིང་བའི་དུས་རབས་ཀྱི་ཉམས་འགྱུར་དེ་དག་དངོས་སུ་མྱོང་ཚོར་བྱེད་ཐུབ།

图片

     ཀོང་རྩེད་ར་གྲོང་རྡལ་དུ་ཁྱེད་རང་ཧོ་ལུང་ཟམ་པའི་སྟེང་དུ་འཆམ་འཆམ་དུ་སོང་ནས་གསར་བརྗེའི་རྐང་རྗེས་ཀྱི་གཟབ་ནན་དང་བླ་ན་མེད་པ་ཚོར་ཐུབ་པ་དང་། ཁྱེད་རང་པད་མ་རི་བོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་འཆམ་འཆམ་དུ་སོང་ནས་ཀྲུང་གོའི་ཆེས་མཛེས་སྡུག་ལྡན་པའི་ནགས་ཚལ་ཆེན་པོ་བཅུའི་ཡ་གྱལ་གྱི་པད་མ་རི་བོའི་སྟག་མའི་ནགས་ཚལ་གྱི་མཛེས་སྡུག་ལ་རོལ་མྱོང་བྱས་ཆོག་པ། ཁྱེད་རང་ད་དུང་འབྲི་ཆུའི་ཟླ་འོད་མཚོ་ཁུག་གི་ལྗོངས་ལྟ་སྟེགས་བུའི་སྟེང་དུ་ལངས་ནས་བརྗིད་ཉམས་ལྡན་པའི་འབྲི་ཆུ་ལ་ཐུར་ལྟ་བྱེད་ཆོག
    ཡངས་ཤིང་རྒྱ་ཆེ་བའི་ནགས་ཚལ་འདིའི་ཁྲོད་དུ་བེ་ཤ་དང་ཀུ་ཀུ་ཤ་མོ་སོགས་རྩ་ཆེའི་རི་སྐྱེས་ཤ་མོ་དང་ཧྥུ་ལིན། དྭ་བ་སོགས་རྩ་ཆེའི་སྨན་རྒྱུ་འཆམ་མཐུན་མཉམ་གནས་བྱས་ནས་རང་བྱུང་ཁམས་ཆེན་མོའི་རིན་པོ་ཆེར་གྱུར། འདི་ཡི་ལྗང་མདོག་གི་ལོ་མ་རེ་རེ་དང་རི་སྐྱེས་མེ་ཏོག་རེ་རེ་ཡིས་རང་བྱུང་ཁམས་ཀྱི་ངོ་མཚར་དང་མཛེས་སྡུག་བཤད་བཞིན་པ་དང་འདྲ།

图片

    གཞན་ཡང་ཀོང་རྩེད་རའི་སྲོལ་རྒྱུན་ཤིང་བཟོས་ལག་ཤེས་བཟོ་རྩལ་ཡང་དེའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཀྱི་མཚོན་ཚུལ་ཞིག་རེད། འདི་གའི་མེ་ཏོག་བརྐོས་པའི་སྒྲོག་ཙེ་དང་། ཤིང་ཕོར། རྩམ་པའི་སྒམ། མར་སྒམ་སོགས་བཟོ་རྩལ་གྱི་ཐོན་རྫས་རྣམས་རི་མོ་འབྲི་བ་དང་། མེ་ཏོག་བརྐོས་པ། བཀྲག་རྩི་བྱུགས་པ་སོགས་ཀྱི་ཐད་བཟོ་རྩལ་ཞིབ་འཇུག་དང་བསམ་བཀོད་དཔེ་གསར་ཡིན་ཞིང་། སྤྱོད་གོ་ཆོད་ལ་མཛེས་སྡུག་ཀྱང་ལྡན་པ་རེད། ལག་ཤེས་བཟོ་རྩལ་ཐོན་རྫས་དེ་དག་ལས་བོད་རིགས་མི་དམངས་ཀྱི་བློ་གྲོས་དང་འཇོན་ཐང་མངོན་པ་མ་ཟད་ལོ་ངོ་སྟོང་གི་རིག་གནས་ཀྱི་ནང་དོན་དང་ལོ་རྒྱུས་ཀྱི་དྲན་ཤེས་དེ་བས་རྒྱུན་འཛིན་ཐུབ་ཡོད།
图片
    ས་གནས་འདི་གར་ཁྱེད་ཀྱིས་ད་དུང་ཚགས་ཤ་སྐམ་པོ་དང་བོད་ཀྱི་ཕག་ཤ། མར་དང་ཐུད་སོགས་ཟས་མཆོག་ལ་རོལ་མྱོང་བྱེད་ཐུབ་པ་དང་ཁྱེད་ཀྱི་རོ་འཛིན་འབུར་མ་ཡང་ཕ་ཡུལ་གྱི་གནས་ཚུལ་ཟབ་མོ་དེའི་ནང་བཟི་རུ་འཇུག་ཐུབ།