སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོག་འགོ་ཚུགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-07-15   རྩོམ་ཁུངས།    ཞིན་ཧྭ་གསར་འགྱུར་དྲ་བ།

        ཚེས་༡༥ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་པེ་ཅིན་དུ་འཚོག་འགོ་ཚུགས་པ་རེད། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚབ་མཛད་ནས་ཚང་འཛོམས་གྲོས་ཚོགས་ལ་ལས་ཀའི་སྙན་ཞུ་ཕུལ་བར་མ་ཟད།༼ ཀྲུང་གུང་ཀྲུང་དབྱང་གི་ཁྱོན་ཡོངས་བཅོས་བསྒྱུར་ཟབ་སྤེལ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཆོད་དོན་(གྲོས་བསྡུར་མ་ཟིན)༽སྐོར་ནས་ཚང་འཛོམས་གྲོས་ཚོགས་ལ་གསལ་བཤད་ཀྱང་གནང་བ་རེད།