རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-07-16   རྩོམ་ཁུངས།    འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།
དཔེར་ན། ཉིན་རེ་ལ་ཀ་ར་འདུས་པའི་བཏུང་བ་ཧའོ་ཧྲེང355ཙམ་འཐུངས་ན། ཁྲག་ཤེད་མཐོ་བའི་ཉེན་ཁ་འབྱུང་ཚད11%གིས་ཇེ་མཐོ་ལ་འགྲོ་བ་རེད།
ཞིབ་འཇུག་ནང་དུ། ཀ་རའི་རིགས་དབྱེ་ལ་ཀ་ར་འདུས་པའི་བཏུང་བ་དང་ཀ་རའི་མངར་རྒྱུ།(果糖) བུ་རམ། འོ་མའི་མངར་ཆ།(乳糖) ཁ་སྣོན་ཀ་ར།(添加糖) སོར་གནས་ཀ་ར(游离糖) སྤྱི་ཧྭགས་ཀ་ར(总糖)བཅས་ཡོད།
ཀ་རའི་འདུས་ཚད་མཐོ་བའི་བཟའ་བཏུང་གིས་མིའི་བདེ་ཐང་ལ་གནོད་འཚེ་ཐེབས་པར་དམིགས་ཏེ། ཞིབ་འཇུག་གིས་ཉིན་རེའི་ཀ་རའི་རིགས་ཀྱི་སྡུད་ལེན་བྱེད་ཚད་ཁེ25ལས་ཉུང་དགོས་པ་དང་། གཟའ་འཁོར་རེའི་ཀ་ར་འདུས་པའི་བཏུང་བའི་རིགས་ཀྱི་འཐུང་ཚད་ཧའོ་ཧྲེང355ལས་ཉུང་དགོས་ཞེས་གྲོས་མགོ་བཏོན་ཡོད།
གཅིག ཀ་རའི་འདུས་ཚད་མཐོ་བའི་བཟའ་བཏུང་གིས་མིའི་བདེ་ཐང་ཇི་ལྟར་བརླགས་པ་ཡིན་ནམ།
ཀ་ར་བཟའ་རྒྱུ་མང་བ་ལས་བདེ་ཐང་ལ་གནོད་སྐྱོན་ཐེབས་པའི་དོན་དག་ཕལ་ཆེར་ཉིན་ལྟར་བྱུང་དང་འབྱུང་བཞིན་ཡོད་པ་དང་། གཙོ་བོ་ནི་གནས་ཚུལ་ཚབས་ཆེན་དུ་གྱུར་མེད་སྟབས། ཚང་མས་དོ་ཁུར་ཆེན་པོ་བྱས་མེད་པ་ཡིན། འོན་ཀྱང་། ཀ་རའི་འདུས་ཚད་མཐོ་བའི་བཟའ་བཏུང་ནང་དུ། ཀ་ར་འདུས་པའི་བཏུང་བ་ནི་མང་དུ་འཐུང་སླ་བར་མ་ཟད། ད་དུང་འཐུང་མི་འདོད་པའི་ཚོར་བ་མེད་པ་ལྟར་གནས་པ་ཞིག་ཀྱང་ཡིན། གལ་ཏེ། དེ་ཉིད་ཡུན་རིང་ལ་འཐུངས་ཚེ། དེ་ལས་བསྐྱེད་པའི་གནད་དོན་ཚབས་ཆེ་བ་མངོན་གསལ་ཡིན།
དཔེར་ན། སྐྱེས་པ་ཞིག་གིས་ཀ་ར་འདུས་པའི་བཏུང་བ་བསྟུད་མར་ཉིན15ལ་འཐུངས་པ་ན། རྐེད་ཁོར(腰围)ཤེས་མེད་ཚོར་མེད་ངང་ལི་སྨི4.5ཡིས་ཇེ་ཆེ་ལ་སོང་ཡོད་པ་དང་། སྐྱེས་མ་ཞིག་བཏུང་བ་མངར་མོ་འཐུང་རྒྱུ་ལ་དགའ་བའི་དབང་གིས། ལོ་གཉིས་ཀྱི་རྗེས་ལ་རྙིང་ཚབ་གསར་བྱེད་སྐོར་གྱི་གནད་དོན་མང་བོ་བྱུང་ཡོད་པ་རེད། གཞོན་ནུ་ཞིག་གིས་ཁ་སྐོམ་པ་ཙམ་གྱིས་བཏུང་བ་ཏག་ཏག་འཐུངས་པ་ན། ལུས་པོར་བརྟག་དཔྱད་བྱེད་དུས། གཅིན་སྐྱུར་ཚད་ལས་བརྒལ་ཡོད་པ་རེད།
གཉིས། ཀ་ར་མང་བོ་ཟོས་ན་མི་ལེགས་པ་ཤེས་ཀྱང་དེ་ཉིད་ལ་ཚོད་འཛིན་ཐབས་མེད་པ་ཅི་ཡིན་ནམ།
《རང་བྱུང》(自然)ཞེས་པའི་དུས་དེབ་ཐོག་ལ་སྤེལ་བའི་རྩོམ་ཡིག་ཅིག་ཏུ། ཀ་ར་ནི་ཐ་མག་དང་ཆང་བཅུད་ལྟ་བུ་ཡིན་པ་དང་། ཀ་རའི་གནོད་འཚེ་ནི་ཚི་ལུ་དང་ཁལ་ལོ་རོས(卡路里)ཀྱི་ཡན་ཡིན་ཞེས་བཀོད་ཡོད།
དེའི་མི་ཚད། ཞིབ་འཇུག་མི་སྣ་ཡིས་སྲོག་ཆགས་ལ་ཚོད་ལྟ་བྱས་པ་བརྒྱུད་ནས་ཀ་ར་ལ་སྲེད་པ(糖瘾)ནི་ནུས་པ་ཉིས་བརྩེགས(双重作用)ཡིན་པ་ར་སྤྲོད་བྱས་ཡོད།
ཕྱོགས་གཅིག་ནས་ཀ་ར་ཡིས་ལུས་པོའི་སྐུལ་རྒྱུ(荷尔蒙)ལ་ཤུགས་རྐྱེན་ཐེབས་ཏེ་ཀླད་པ་ཡིས་ཕོ་བ་བརྒྱགས་པའི་བརྡ་གཏོང་མི་ཐུབ་པར། ཇི་ལྟར་ཟོས་ན་དེ་ལྟར་དགའ་བར་གྱུར་ནས། ཕོ་བ་བརྒྱགས་ཀྱང་མུ་མཐུད་དུ་ཟ་ཐུབ་པར་བྱེད་པ་ཡིན། ཕྱོགས་གཞན་ཞིག་ནས་ཀ་ར་ཡིས་ལུས་པོའི་སྐུལ་རྩི(激素)ལ་ཤུགས་རྐྱེན་ཐེབས་པ་དེ་ད་དུང་ཀླད་པ་ཡིས་རྒྱུན་ཆད་མེད་པར་ཀ་རའི་རིགས་སྡུད་ལེན་གྱི་བརྡ་གཏོང་བ་ནི་དུ་སྐྱོ་ལངས་པ་དང་འདྲ་བར། ཀ་ར་བཟའ་རྒྱུ་ལ་ཇེ་དགའ་ནས་ཇེ་དགའ་ཡིན།
《ཕྲ་ཕུང་རྙིང་ཚབ་གསར་བྱེད》(细胞代谢)ཅེས་པའི་དུས་དེབ་ཀྱི་ཞིབ་འཇུག་ཅིག་གིས་རྒྱུན་དུ་ཀ་རའི་འདུས་ཚད་མཐོ་བའི་ཟས་རིགས་སྤྱོད་པ་ཡིས་ང་ཚོའི་ཀླད་པ་ལ་འགྱུར་བ་བཏང་སྟེ་ཀླད་པའི་དགའ་ཕྱོགས་ཀྱི་བརྡ་གཏོང་ལུགས་བསྐྱར་སྒྲིག་བྱེད་པར་མ་ཟད། ད་དུང་དོ་ཕ་ཨེན་ནུས་པའི་མ་ལག་ཀྱང་སྤྱོད་མགོ་ཚུགས་པར་བྱེད་པ་ཡིན་ཞེས་བསྟན་ཡོད།
ཀླད་པའི་འགྱུར་ལྡོག་འདི་དག་བརྒྱུད་ནས། མི་རྣམས་ཤེས་མེད་ཚོར་མེད་ངང་ཀ་རའི་འདུས་ཚད་མཐོ་བའི་ཟས་རིགས་ལ་སྔར་བས་དགའ་བ་ཡིན།