སེམས་ཀྱི་ཉི་ཟླའི་བེ་ཤ་ཐོན་ཁུལ་ཆེ་གྲས་བཅུའི་ཧྥོ་ཧྲན་ཤང་དུ་བསྐྱོད་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-07-16   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཧྥོ་ཧྲན་ཤང་ནི་འཇོལ་རྫོང་ནུབ་བྱང་ཕྱོགས་སུ་གནས་ལ།  འདི་གའི་ས་དབྱིབས་དང་ས་བབ་སྣ་མང་ཡིན་པ་དང་། རི་ཁུལ་ལུང་གཞུང་ནས་མཐོ་གྲང་རི་ཁུལ་བར་ས་ཆ་ཚང་མ་ལྷ་ཡི་ཆོ་འཕྲུལ་གྲུབ་པ་ལྟ་བུ། ཧྥོ་ཧྲན་ཤང་དུ་ལངས་ནས་བལྟས་ན་རྒྱུན་མི་ཆད་པའི་རི་རྒྱུད་དང་གཏིང་ཟབ་པའི་གྲོག་རོང་གིས་མི་རྣམས་ལ་རང་དབང་མེད་པར་རང་བྱུང་ཁམས་ཀྱི་མཛེས་སྡུག་ལ་དབུགས་རིང་འབྱིན་དུ་བཅུག 

        ཧྥོ་ཧྲན་ཤང་གི་གནམ་གཤིས་ནི་རི་ཁུལ་གྱི་དུས་རླུང་གནམ་གཤིས་ལ་གཏོགས། དུས་ཚིགས་བཞི་བོ་གསལ་བོ་དང་ཉི་འོད་འདང་ངེས་ཡིན། འདི་གའི་ལོ་རེའི་ཆ་སྙོམས་དྲོད་ཚད་འཚམ་པ་དང་སད་མེད་པའི་དུས་ཡུན་རིང་བས་སྐྱེ་དངོས་སྣ་མང་ལ་འཚོ་གནས་ཀྱི་ཁོར་ཡུག་བཟང་པོ་ཞིག་མཁོ་འདོན་བྱས་ཡོད། ཕུན་སུམ་ཚོགས་པའི་ཆར་ཆུ་དང་སྣ་མང་གི་གནམ་གཤིས་ཆ་རྐྱེན་གྱིས་ཧྥོ་ཧྲན་ཤང་གི་ཐུན་མོང་མ་ཡིན་པའི་སྣོད་བཅུད་མ་ལག་སྐྱེད་སྲིང་བྱས་པ་དེ་ནི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་དགའ་ཚལ་ཞིག་རེད།

        ཧྥོ་ཧྲན་ཤང་ལ་ས་འོག་གཏེར་ཁ་ཕུན་སུམ་ཚོགས་པ་མ་ཟད་སྐྱེ་དངོས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། འདི་གར་ཁྱེད་ཀྱིས་རྩ་ཆེའི་སྨན་རྩྭ་དཔེར་ན་དབྱར་རྩྭ་དགུན་འབུ་དང་བེ་ཤ་དང་དེ་བཞིན་རྒྱལ་ཁབ་རིམ་པའི་སྲུང་སྐྱོང་རྩི་ཤིང་སྣ་ཚོགས་རྙེད་ཐུབ། ཧྥོ་ཧྲན་ཤང་གི་སྐྱེ་དངོས་སྣ་མང་རང་བཞིན་ནི་རང་བྱུང་གིས་ས་གཞི་འདི་ལ་གནང་བའི་རྒྱུ་ནོར་རྩ་ཆེན་ཞིག་ཡིན།