སེམས་ཀྱི་ཉི་ཟླའི་བེ་ཤ་ཐོན་ཁུལ་ཆེ་གྲས་བཅུའི་བྲག་ཞབས་ཤང་དུ་བསྐྱོད་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-07-16   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        བྲག་ཞབས་ཤང་ནི་འཇོལ་རྫོང་ཤར་ལྷོའི་རྒྱུད་དུ་གནས་ལ།འདི་ན་ཐུན་མོང་མ་ཡིན་པའི་རང་བྱུང་ཡུལ་ལྗོངས་དང་ཕུན་སུམ་ཚོགས་པའི་མི་ཆོས་ཡུལ་སྲོལ་ཡོད།འདི་གའི་དུས་ཆེན་རེ་རེ་དང་། རྒྱན་གོས་རེ་རེ། གླུ་གར་རེ་རེ་བཅས་ནི་ལི་སུའུ་རིགས་ཀྱི་གཏིང་ཟབ་པའི་རིག་གནས་རྒྱུན་འཛིན་དང་མངོན་ཚུལ་ཡིན། དམིགས་བསལ་གྱི་རང་བྱུང་ཁོར་ཡུག་གིས་ཧ་ཅང་ཞིམ་པའི་བེ་ཤ་གསོ་སྐྱོང་བྱས་པ་དང་མདོག་སེར་པོ་དང་ཤ་མོའི་དྲི་ཞིམ་ཟབ་མོ་ལྡན་པས་ཟས་མཆོག་ལ་དགའ་པོ་བྱེད་མཁན་མང་པོའི་དོན་གཉེར་ཞིག་རེད། 

        བྲག་ཞབས་ཤང་ནས་རིག་གནས་ཉམས་ལེན་བྱེད་པ་ནི་མེད་དུ་མི་རུང་བའི་ཆ་ཤས་ཤིག་ཡིན། ལི་སུའུ་རིགས་ཀྱི་དུས་ཆེན་གྱི་རྟེན་འབྲེལ་མཛད་སྒོ་ཞིག་ལ་ཞུགས་པའམ་ཡང་ན་རིག་གནས་ས་ཚིགས་ནས་གནའ་བོའི་གཏམ་རྒྱུད་ཅིག་ལ་ཉན་ན་ཁྱོད་རང་ས་གཞི་འདི་དང་ཐག་ཇེ་ཉེ་རུ་གཏོང་ཐུབ།