དབྱར་ཁའི་གུང་གསེང་རིང་སེམས་ཀྱི་ཉི་ཟླར་ཡུལ་སྐོར་གྱི་ཚ་རླབས་འཕྱུར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-07-16   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། དུས་ད་ལྟ་ནི་སེམས་ཀྱི་ཉི་ཟླའི་ཡུལ་ལྗོངས་ཆེས་མཛེས་པ་དང་གནམ་གཤིས་ཆེས་བཟང་བའི་དུས་ཚིགས་ཡིན་པས། ཉིན་འདི་དག་ལ་སེམས་ཀྱི་ཉི་ཟླར་འོང་མཁན་གྱི་ཡུལ་སྐོར་བ་ནི་ནམ་མཁའི་སྐར་ཚོགས་བཞིན་ཧ་ཅང་མང་། ལྷག་པར་དུ་རྡོ་མཁར་རྫོང་དུ་ཡུལ་སྐོར་བ་དེ་ལས་མང་སྟེ།ཟླ་འོད་ཐང་ཆེན་དང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དངོས་མང་བཤམས་སྟོན་ཁང་སོགས་སུ་མི་ཚོགས་སུ་ཁེངས་འདུག  ལུས་སུ་བོད་གོས་གྱོན་ནས་པར་ལེན་པ་དང་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཡུལ་ཟས་ཟ་བ། ཡུལ་མི་དང་མཉམ་དུ་སྐྱིད་པའི་སྐོར་བྲོ་འཁྲབ་པ་ནི་དར་སྲོལ་ཞིག་ཏུ་ཆགས་འདུག