དབྱར་ཁའི་གུང་གསེང་རིང་དཔེ་མཛོད་ཁང་དུ་ཡོང་མཁན་མང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-07-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


        དབྱར་ཁའི་གུང་གསེང་སླེབས་པར་བསྟུན་ནས། དཔེ་མཛོད་ཁང་ནི་ཁྱིམ་བདག་དང་སློབ་མ་ཚོ་འགྲོ་དགའ་བའི་ས་གནས་ཞིག་ཏུ་གྱུར་ཡོད་ལ། ཉེ་སྔོན་བདེ་ཆེན་ཁུལ་དཔེ་མཛོད་ཁང་དུ་ཡི་གེ་ལྟ་བར་ཡོང་བའི་སློབ་མ་དེ་བས་མང་བ། དེ་གར་སློབ་གསེང་གི་ཀློག་དེབ་སྣ་མང་ཡོད་པ། ང་རང་ད་ཐེངས་ཀྱི་གུང་གསེང་རིང་ཁྱིམ་སྦྱོང་འབྲི་བ་ལས་གཞན་དཔེ་མཛོད་ཁང་དེར་ཡི་གེ་ལྟ་ཡོང་བའི་འཆར་གཞི་ཡོད་ཅེས་རྒྱལ་ཐང་སློབ་ཆུང་གི་སློབ་མ་ཉི་མས་འདི་འདྲ་བཤད།