སྐད་ཚགས་ཤང་བེ་ཤ་འཐུ་བ་དང་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་ལྔ་པ་འགོ་ཚུགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-07-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་7པའི་ཚེས་16ཉིན། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྐད་ཚགས་ཤང་གི་བེ་ཤ་འཐུ་བ་དང་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་ལྔ་པ་དེ་སྔོ་ཤོད་གྲོང་བེའུ་བཟང་གྲོག་རོང་ཆེན་པོར་སྤེལ་ཏེ།  རྒྱལ་ཡོངས་ས་ཆ་སོ་སོ་ནས་ཡོང་བའི་བེ་ཤའི་ཚོང་འགྲུལ་དང་ཡུལ་སྐོར་བ།  སྨྱན་སྦྱོར་གྱི་འཐུས་མི་དང་དྲ་གྲགས་སོགས་སེམས་ཀྱི་ཉི་ཟླའི་བེའུ་བཟང་གྲོག་རོང་ཆེན་པོར་འཛོམས་ནས་སྐད་ཚགས་ཤང་གི་ལོ་གཅིག་དུས་གཅིག་གི་བེ་ཤའི་དུས་ཚིགས་འགོ་ཚུགས་པར་ཐུན་མོང་ཐོག་རྟེན་འབྲེལ་ཞུས་པ་རེད།
图片
图片
图片
        བྱེད་སྒོའི་ཡུལ་དངོས་སུ། ཚོན་མདོག་རྣམ་པར་བཀྲ་བའི་གུར་རེ་རེ་བཞིན་རབ་ཏུ་བཞད་པའི་མེ་ཏོག་དང་འདྲ་བར་དུས་ཆེན་ལ་རྫོགས་མཐའ་མེད་པའི་གསོན་ཤུགས་བསྣན་པ་དང་། གྲོང་མི་ཚོས་ལུས་ལ་མཛེས་སྡུག་ལྡན་པའི་མི་རིགས་ཀྱི་གཟབ་ཆས་སྤྲས་ནས་ངོ་གདོང་ནས་འཛུམ་མདངས་འཕྱུར་བཞིན་ཡོད། ས་གནས་དེ་གའི་གྲོང་མིས་ཆེས་གདོད་མའི་སྣོད་བཅུད་ཀྱི་གླུ་གར་ལ་བརྟེན་ནས་དུས་རབས་གསར་པའི་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་མཚོན་པར་བྱེད་པ་དང་ཚང་མས་སྔོ་ལྗང་རྣམ་པར་བཀྲ་བའི་རི་ཀླུང་གི་པང་དུ་ཆེས་གཞུང་དྲང་བབ་ཆགས་ཀྱི་མི་རིགས་རིག་གནས་ཀྱི་ཡུལ་སྲོལ་གོམས་གཤིས་ཚོར་བཞིན་ཡོད།
图片
图片
图片
        བེ་ཤ་རིན་གོང་གང་མཐོར་འཚོང་བའི་ལྷུ་ཚིགས་སླེབས་པ་དང་བསྟུན་ནས་གར་སྟེགས་འོག་གི་སྐུ་མགྲོན་ཚོས་གཅིག་རྗེས་གཉིས་མཐུད་ངང་རིན་གོང་འགྲན་བསྡུར་བྱས་ཏེ་ཡུལ་དངོས་ཀྱི་རྣམ་པ་མཐོ་རླབས་སུ་སྐུལ་འདེད་བཏང་བ་རེད། ཧིན་པེ་ཧི་བདེ་ཐང་དོ་དམ་(ཉིང་པོ་)ཚད་ཡོད་ཀུང་སི་ནས་ཡོང་བའི་ཕེ་ཁུ་ཡིས་ཆེས་མཐོ་བའི་རིན་གོང་གིས་ཡུལ་དངོས་ནས་ཉིན་དེར་བཙོང་བའི་བེ་ཤ་ཉོས་བ་རེད།    ཕེ་ཁོ་ཡིས་"བརྒྱུད་ཚོང་པའི་འཐུས་མི་ཞིག་ཡིན་པའི་ངོས་ནས་ང་ཚོས་བེ་ཤ་ཐོན་ཁུལ་དུ་ཡོང་ནས་བེ་ཤ་འཐུ་བའི་གནས་ཚུལ་དངོས་སུ་མྱོང་ཚོར་ཐུབ་པར་ཧ་ཅང་དགའ་པོ་བྱུང་"ཞེས་བཤད་པ་དང་། ཁོང་གིས"དུས་ཆེན་གྱི་ཡུལ་དངོས་སུ་ས་གནས་ཏང་ཨུད་དང་སྲིད་གཞུང་གིས་བེ་ཤ་ཐོན་ལས་ལ་མཐོང་ཆེན་གནང་ལུགས་ཚོར་བྱུང་བས་བེ་ཤའི་ཚོང་འགྲུལ་ཞིག་ཡིན་པའི་ངོས་ནས་ང་ཚོར་བེ་ཤ་ཐོན་ལས་ཡག་པོ་གཉེར་ཐུབ་པའི་ཡིད་ཆེས་ཆེན་པོ་ཡོད། གོམ་སྟབས་རྗེས་མར་ང་ཚོས་ལག་ཐོག་གི་ད་ཡོད་ཀྱི་ཐབས་ལམ་དང་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་བེ་ཤའི་ཐོན་ལས་སྦྲེལ་ཐག་ཧྲིལ་པོ་ཤར་གཏོང་ཐུབ་པ་བྱ་རྒྱུ་དང་ཆབས་ཅིག སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་མཉམ་དུ་སེམས་ཀྱི་ཉི་ཟླའི་བེ་ཤ་ཐོན་ལས་དེ་ས་ཁོངས་ཀྱི་མིང་བྱང་ཞིག་ཏུ་བསྐྲུན་ནས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཏེ་ས་གནས་དེ་གའི་གྲོང་མི་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་རྒྱུར་སྣེ་ཁྲིད་བྱ་རྒྱུ་ཡིན་"ཞེས་བཤད་པ་རེད།
图片
图片
图片
图片
        ཤེས་གསལ་བྱུང་དོན། ཐེངས་འདིའི་སྐད་ཚགས་ཤང་གི་བེ་ཤ་འཐུ་བ་དང་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་ལྔ་པའི་བྱེད་སྒོའི་ནང་བེ་ཤ་འཐུ་བ་དང་། ཕྱི་རོལ་དུ་རྐང་ཐང་སྐྱོད་པ། དངོས་མིན་རིག་གནས་ཤུལ་བཞག་གི་ལག་རྩལ། མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས། ཟས་མཆོག་རིག་གནས། བོད་བརྒྱུད་རྡོ་པར་རྒྱག་པ། མར་བཟོ་རྩལ་ཉམས་ལེན་བཅས་དང་དེ་བཞིན་སྐྱེ་དངོས་སྣ་མང་རང་བཞིན་གྱི་འོས་སྦྱོར་གཞི་གཅིག་ཏུ་བསྡུས་ནས་ཡུལ་སྐོར་བར་ཕུན་སུམ་ཚོགས་པའི་རིག་གནས་ཡུལ་སྐོར་ཉམས་ལེན་མཁོ་འདོན་བྱས་ཏེ་སྐད་ཚགས་ཤང་གི་ཐུན་མོང་མ་ཡིན་པའི་རང་བྱུང་དང་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱ་རྒྱུ་རེད།