བོད་ཀྱི་རྩོམ་པ་པོ་ལོ་བརྒྱ་པད་མར《མི་རིགས་རྩོམ་རིག》གི་ལོ་འཁོར་སྙན་རྩོམ་བྱ་དགའ་ཐོབ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-07-17   རྩོམ་ཁུངས།    ཁམས་པའི་དྲ་བ།

        ཉེ་ཆར། གསར་འགོད་པས་དཀར་མཛེས་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་དུས་ཡུན་ནན་ས་དམ་དུ་འཚོགས་པའི2023ལོའི《མི་རིགས་རྩོམ་རིག》གི་ལོ་འཁོར་བྱ་དགའ་སྤྲད་པའི་མཛད་སྒོའི་ཐོག་དཀར་མཛེས་ཁུལ་གྱི་བོད་རིགས་རྩོམ་པ་པོ་ལི་མིང་ཞའི(སྨྱུག་མིང་ལ་ལོ་བརྒྱ·པད་མ)སྙན་ངག་བརྩམས་ཆོས《སྐད་ཆ་བཤད་ཤེས་པའི་རྡོ》ལ2023ལོའི《མི་རིགས་རྩོམ་རིག》གི་ལོ་འཁོར་སྙན་རྩོམ་བྱ་དགའ་ཐོབ་པ་རེད།

        རྩོམ་པ་པོས་ཐུན་མིན་གྱི་སྨྱུག་རྩལ་འོག་ཏུ《སྐད་ཆ་བཤད་ཤེས་པའི་རྡོ》ཡི་བརྩམས་ཆོས་ནང་དུ་འཇིག་རྟེན་ལ་འགྱུར་ལྡོག་ཆེན་པོ་བྱུང་བའི་སྐབས་དེར་གནམ་ས་དང་ཆུ་རྡོ་སོགས་མི་དང་རང་བྱུང་འཇིག་རྟེན་གྱི་ངོ་མཚར་ཆེ་བའི་འབྲེལ་བ་དང་སྦྲེལ་ནས་གདོད་མའི་སྟོབས་ཤུགས་ཆེན་པོས་ཁེངས་པར་གྱུར་པ་ཞིབ་ཕྲ་བཀོད་ཡོད།  དེ་ནི2023ལོའི《མི་རིགས་རྩོམ་རིག》གི་ལོ་འཁོར་སྙན་རྩོམ་བྱ་དགའ་གཙོ་གཉེར་ཕྱོགས་ཀྱིས་བྱ་དགའ་སྤྲོད་པའི་ཤིས་ཚིག་སྟེ་འདི་རུ་སྐར་མའི་འོད་མདངས་དང་གློག་གི་འགྱུ་བ། མེ་ཏོག་གི་དྲི་ཞིམ། འདབ་ཆགས་ཀྱི་སྐད་སྒྲ་བཅས་ཡོད་པར་མ་ཟད། ཆུ་ངོགས་དང་རྩྭ་ཐང་། གྲོག་རོང་བཅས་ཡོད། དེ་ནི་འཇིག་རྟེན་གསར་གཏོད་བྱེད་སྐབས་བྱ་དངོས་ཐམས་ཅད་ཀྱི་རེ་སྒུག་དང་འཚབ་འཚུབ། མཆོང་ལྡིང་བཅས་ཡིན་ལ་ཚང་མ་རྡོའི་ཁྲོད་དུ་ཡོད་པའི་གནའ་བོའི་ལྷའི་བྱིན་རླབས་རེད་ཅེས་པ་ནང་བཞིན་རེད།

ལོ་བརྒྱ་པད་མ།

        ཤེས་རྟོགས་བྱུང་བར་གཞིགས་ན། ལི་མིང་ཞ་ཡིས་ད་ལྟ་གངས་དཀར་རི་བོའི་དུས་དེབ་ཁང་གི་གཙོ་སྒྲིག་པ་དང་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་བཅས་ཀྱི་འགན་འཁུར་བཞིན་ཡོད། ཁོང་གི་བརྩམས་ཆོས་སྔ་རྗེས་སུ《མི་རིགས་རྩོམ་རིག》དང《སྙན་རྩོམ་གཅེས་བཏུས》《བོད་ལྗོངས་རྩོམ་རིག》《སྐར་མ》《མི་རིགས་རྩོམ་རིག་ཕྱོགས་བསྒྲིགས》སོགས་དུས་དེབ་ཐོག་ཏུ་བཀོད་པ་དང་། བརྩམས་ཆོས་མང་པོ་ཞིག《དུས་སྐབས་གསར་པའི་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་བརྩམས་ཆོས་གཅེས་བཏུས(བོད་རིགས་ཀྱི་བརྩམས་ཆོས)》དང《སི་ཁྲོན་གྱི་ལོ་བརྒྱའི་སྙན་རྩོམ་གཅེས་བཏུས》《ཀྲུང་གོའི་ལོ་འཁོར་ལྷུག་རྩོམ་དང་སྙན་རྩོམ་ཕུལ་བྱུང(2021ལོ)》《2020ལོའི་ཀྲུང་གོའི་ན་གཞོན་སྙན་ངག་པའི་བརྩམས་ཆོས་གཅེས་བཏུས》《2020ལོའི་ཀྲུང་གོའི་ལོ་འཁོར་གྱི་ལྷུག་རྩོམ་གཅེས་བཏུས》《2019ལོའི་ཀྲུང་གོའི་སྙན་རྩོམ་རྩེ་གྲ》《2019ལོའི་ཀྲུང་གོའི་ལོ་འཁོར་གྱི་ལྷུག་རྩོམ་སྙན་ངག་གཅེས་བཏུས》སོགས་སུ་བདམས་པ་རེད། དེ་དང་ཆབས་ཅིག་ད་དུང་སྙན་ངག་གཅེས་བཏུས《ཁ་བས་བཏུམས་པའི་སྣང་ཡུལ》ཞེས་པ་དང་དངོས་བྲིས་རྩོམ་ཡིག་གཅེས་བཏུས《ཕུགས་འདུན་གྱི་རྟ་ཕོར་བརྩེ་སྒ་བསྟད》ཞེས་པ་དཔེ་སྐྲུན་བྱས།  སི་ཁྲོན་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་གསར་རྩོམ་སྐབས་བདུན་པའི་བརྩམས་ཆོས་ཀྱི་བྱ་དགའ་ཕུལ་བྱུང་དང་དཀར་མཛེས་ཁུལ་རྩོམ་རིག་སྒྱུ་རྩལ་བྱ་དགའ་སོགས་ཐོབ་མྱོང་།།