དུས་རབས་གསར་པའི་བདེ་ཆེན་ཁུལ་སློབ་གྲྭའི་བསམ་བློ་ཆབ་སྲིད་འཛུགས་སྐྲུན་ལས་ཀའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-07-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།   ཟླ་7པའི་ཚེས་15ཉིན། དུས་རབས་གསར་པའི་བདེ་ཆེན་ཁུལ་སློབ་གྲྭའི་བསམ་བློ་ཆབ་སྲིད་འཛུགས་སྐྲུན་ལས་ཀའི་བཞུགས་མོལ་ཚོགས་འདུ་འཚོགས་པ། ཚོགས་འདུའི་ཐོག་ནན་བཤད་གནང་དོན། བསམ་བློ་ཆབ་སྲིད་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་མཛུབ་སྟོན་དགོངས་དོན་སློབ་སྦྱོང་དོན་འཁྱོལ་བྱེད་པ།ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ།དུས་རབས་གསར་པའི་ཞིང་ཆེན་ཡོངས་ཀྱི་སློབ་གྲྭའི་བསམ་བློ་ཆབ་སྲིད་འཛུགས་སྐྲུན་སྐུལ་འདེད་ཚོགས་འདུའི་བླང་བྱ་དོན་འཁྱོལ་གཏིང་ཟབ་བྱེད་པ།སྤྱོད་བཟང་མི་སྐྱོང་གི་རྩ་བའི་ལས་འགན་ལ་དམིགས་པ་བཅས་བྱས་ནས་དུས་རབས་གསར་པའི་ཁུལ་ཡོངས་ཀྱི་བསམ་བློ་ཆབ་སྲིད་འཛུགས་སྐྲུན་ནང་གནས་རྣམ་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

        ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་གསུང་བཤད་ཀྱང་གནང་བ།

        ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ལི་ཡན་ལན་དང་ཕེང་ཧྲན་ཚོགས་འདུར་ཞུགས་ཡོད།

        ཚོགས་འདུའི་ཐོག་བསམ་བློ་ཆབ་སྲིད་འཛུགས་སྐྲུན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་མཛུབ་སྟོན་དགོངས་དོན་དང་། ཀྲུང་དབྱང་དང་ཞིང་ཆེན་གྱི་དུས་རབས་གསར་པའི་སློབ་གྲྭའི་བསམ་བློ་ཆབ་སྲིད་འཛུགས་སྐྲུན་སྐུལ་འདེད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།

        ཚོགས་འདུའི་ཐོག་བསྟན་དོན།རིམ་ཁག་སྡེ་ཁག་སོ་སོས་བསམ་བློ་ཆབ་སྲིད་འཛུགས་སྐྲུན་དམ་འཛིན་བྱེད་པའི་གལ་ཆེའི་དོན་སྙིང་ངོས་འཛིན་གཏིང་ཟབ་བྱས་ནས་ཏང་བློ་བདེ་བ་དང་རྒྱལ་གཅེས་སྐྱེས་འབུལ། མི་རིགས་བསྐྱར་དར་གྱི་འགན་ལྕི་པོ་འཁུར་ཕོད་པ་བཅས་ཀྱི་དུས་རབས་ཀྱི་མི་གསར་དེ་བས་མང་བ་གསོ་སྐྱོང་བྱེད་དགོས་པ་དང་།རྒྱལ་གཅེས་རིང་ལུགས་ཀྱི་དགོངས་དོན་རིམ་ཁག་རིགས་སོ་སོའི་སློབ་གྲྭ་སློབ་གསོའི་བརྒྱུད་རིམ་ཧྲིན་པོར་ཁྱབ་པར་བྱེད་དགོས།

        ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློས་བླ་སྲོག་སྐྲུན་པ་དང་མི་གསོ་སྐྱོང་བྱེད་པའི་ལས་འགན་དང་པོ་ཁོང་དུ་བརྟན་པོར་ཆུད་དགོས།སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཚན་གྱི་མཉམ་འདྲེན་ནུས་ཤུགས་མཐོ་རུ་གཏོང་དགོས། སློབ་ཆེན་དང་སློབ་འབྲིང་།སློབ་ཆུང་བཅས་ཀྱི་བསམ་བློ་ཆབ་སྲིད་གཞི་གཅིག་ཏུ་གྱུར་བར་སྐུལ་འདེད་གཏོང་དགོས།ཁ་གཏད་རོགས་སྐྱོར་ཐོན་ཁུངས་ཡག་པོ་སྤྱོད་དགོས།ཆེད་ལས་ཅན་གྱི་བསམ་བློ་ཆབ་སྲིད་དགེ་རྒན་གྱི་རུ་ཁག་གསོ་སྐྱོང་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན།

        ཚོགས་འདུའི་ཐོག་ཏང་ཨུས་གཅིག་གྱུར་འགོ་ཁྲིད་དང་ཏང་སྲིད་མཉམ་འཛིན་སྤྱི་སྒྲུབ།སྡེ་ཚན་གྱིས་རང་འགན་རང་འཁུར་བཅས་སློབ་གསོ་འགོ་ཁྲིད་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་བཀོད་སྒྲིག་བྱེད་པའི་ལས་ཀ་ཁག་ཕན་ནུས་མངོན་པར་ཁག་ཐེག་བྱེད་དགོས་པའི་ནན་བཤད་བྱས།

        ཚོགས་འདུའི་ཐོག་ཁུལ་ཡོངས་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་སྐོར་གྱི་སྙན་སེང་གསན་པ་དང་ཁུལ་ཡོངས་སློབ་གྲྭ་དང་བསམ་བློ་ཆབ་སྲིད་སློབ་ཚན་གྱི་དགེ་རྒན་འཐུས་མི་གཏམ་བཤད་བརྗེ་རེས་བྱས་པ་རེད།

        ཁུལ་འགོ་ཁྲིད་དབྱང་ཙི་ཅང་དང་ཁྲིན་ཆོན།ཡུས་ཀུའེ་ཧྥེན།ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག རྫོང་(གྲོང་ཁྱེར་)གསུམ་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས་ཡོད།