ལུའོ་ཁྲའོ་ཧྥེང་གིས་ནགས་ཕག་མཚོ་སྐྱེ་ཁམས་ཁོར་ཡུག་གི་ཕྱོགས་བསྡུས་བཅོས་སྐྱོང་བྱས་ཚུལ་ལ་ཞིབ་འཇུག་བརྟག་དཔྱད་གནང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-07-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་7པའི་ཚེས་16ཉིན། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་རུ་སྣེ་ཁྲིད་དེ་ནགས་ཕག་མཚོ་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱས་ཚུལ་ལ་ཞིབ་འཇུག་བརྟག་དཔྱད་གནང་སྐབས་ནན་བཤད་གནང་དོན།རིམ་ཁག་སྡེ་ཚན་ཁག་དང་ཨར་ལས་ཚན་པས་མ་མཐའི་བསམ་བློ་བརྟན་པོ་འཛུགས་དགོས་པ་དང་།འགན་འཁུར་འདུ་ཤེས་དང་བྲེལ་འཚབ་ཆེ་བའི་འདུ་ཤེས་མཐོ་རུ་གཏོང་བ།ལས་ཡུན་བཀོད་སྒྲིག་ལེགས་སུ་གཏོང་བ།ཨར་ལས་རྩ་འཛུགས་བྱེད་ཤུགས་ཆེ་རུ་གཏོང་བ།རྣམ་གྲངས་དུས་ཐོག་ཏུ་སྤུས་ཚད་དང་གྲངས་འབོར་ལྟར་ལེགས་སྒྲུབ་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ནགས་ཕག་མཚོའི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་གཏོང་རྒྱུར་ཁག་ཐེག་བྱེད་དགོས། 

        བདེ་ཆེན་ཧྥེང་ཐུའུ་སྐྱེ་དངོས་ཚད་ཡོད་ཀུང་སིའི་སྐྱེ་ལྡན་ལུད་ཁང་དུ་ལུའོ་ཁྲའོ་ཧྥེང་གིས་བླང་བྱ་བཏོན་དོན།ཀུང་སིས་སྐྱེ་ལྡན་ལུད་ཚོང་རར་ཁྱབ་པར་སྐུལ་འདེད་གཏོང་དགོས།རྫས་ལུད་དང་ཞིང་སྨན་ཉུང་འཕྲི་དང་ཕན་འབྲས་ཆེར་གཏོང་དགོས།

        སེམས་ཀྱི་ཉི་ཟླ་གྲོང་ཁུལ་གྱི་ལྕགས་མདོང་དྲ་བ་འཛུགས་སྐྲུན་བྱས་ཚུལ་ལ་ཞིབ་འཇུག་བརྟག་དཔྱད་གནང་སྐབས་ལུའོ་ཁྲའོ་ཧྥེང་གིས་ནན་བཤད་གནང་དོན།ཨར་ལས་ཀྱིས་ཚོང་དུད་དང་མང་ཚོགས་ཀྱི་འཚོ་བར་ཤུགས་རྐྱེན་ཐེབས་ཚད་ཉུང་དུ་གཏོང་གང་ཐུབ་བྱ་དགོས་པ་དང་། ཕྱོགས་ཁག་གི་འགན་འཁྲི་ནན་དུ་བཏང་ནས་རིམ་ཁག་སྲིད་གཞུང་དང་སྡེ་ཚན་ཁག་གིས་མཉམ་དུ་བཅོས་སྐྱོང་བྱེད་པའི་ལས་ཀའི་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་སྟེ་ལས་ཀའི་མཉམ་ཤུགས་ཤིག་ཆགས་པར་བྱེད་དགོས།

        སེམས་ཀྱི་ཉི་ཟླ་གྲོང་ཁུལ་གྱི་ཟ་ཁང་གད་སྙིགས་བཅོས་སྐྱོང་བྱས་ཚུལ་ལ་ཞིབ་འཇུག་བརྟག་དཔྱད་གནང་སྐབས་ལུའོ་ཁྲའོ་ཧྥེང་གིས་བླང་བྱ་བཏོན་དོན།གད་སྙིགས་གྲངས་ཉུང་འཕྲི་ཅན་དང་ཐུན་ཁོངས་ཅན།གནོད་མེད་ཅན་བཅས་རྒྱུན་འཁྱོངས་བྱེད་དགོས་པ་དང་།རྒྱུན་མཐུད་ཀྱིས་ཟ་ཁང་གི་གད་སྙིགས་ཐག་གཅོད་སྒྲིག་ཆས་འཐུས་ཚང་དུ་བཏང་ནས་ནགས་ཕག་མཚོའི་འབབ་རྒྱུད་ནང་ཁོངས་ཀྱི་འཚོ་བའི་གད་སྙིགས་ཚང་མ་བསྡུ་རུབ་དང་ཚང་མ་ཐག་གཅོད་མངོན་འགྱུར་བྱེད་དགོས།

        ཁུལ་འགོ་ཁྲིད་ཁྲིན་ཆོན།ལི་ཐའོ།ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྲིད་གཞུང་།གྲོང་ཁྱེར་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་ཞིབ་འཇུག་བརྟག་དཔྱད་དུ་ཞུགས་ཡོད།