《བདེན་འཚོལ》དུས་དེབ་ཏུ་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་བཀོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-07-18   རྩོམ་ཁུངས།    ཁམས་པའི་དྲ་བ།

བདེན་འཚོལ》དུས་དེབ་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《ངེས་པར་དུ་གདེང་ཚོད་དང་རང་ཚུགས་རྒྱུན་འཁྱོང་དགོས།》བཀོད།

        ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ 7 ཚེས 15 ཉིན་གློག་འཕྲིན་འབྱོར་གསལ། སྤྱི་ཟླ7པའི་ཚེས16ཉིན་ལ་པར་དུ་བསྐྲུན་པའི《བདེན་འཚོལ》དུས་དེབ་པར་ཐེངས 14 པར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ།《ངེས་པར་དུ་གདེང་ཚོད་དང་རང་ཚུགས་རྒྱུན་འཁྱོང་དགོས》བཀོད་ཡོད། འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས 2013 ལོའི་ཟླ་བ་དང་པོ་ནས 2024 ལོའི་ཟླ་བ 3 པའི་བར་གྱི་འབྲེལ་ཡོད་རྣམ་བཤད་གལ་ཆེན་གྱི་གནད་བསྡུས་ཡིན།

        རྩོམ་ཡིག་ཏུ་ནན་པོར་བསྟན་དོན། ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཉེ་རབས་ནས་བཟུང་པའི་དཀའ་སྡུག་ཆེན་པོ་ནས་བསྐྱར་དར་རླབས་པོ་ཆེའི་ མདུན་ལམ་འོད་སྟོང་འབར་བའི་ཕྱོགས་སུ་བསྐྱོད་པར་དཔེ་གཞི་གཏན་ནས་མེད་ལ་དྲིས་ལན་འདེབས་ཆོག་ཆོག་དེ་བས་ཀྱང་མེད།ཏང་གི་ལོ་བརྒྱའི་འབད་བརྩོན་ལམ་ལྷོངས་ཀྱི་བགྲོད་ལམ་ནི་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་རང་བཙན་རང་བདག་གིས་འཚོལ་ཞིབ་བྱས་ནས་བཏོད་པ་ཡིན་ཞིང་། མར་ཁེ་སིའི་རིང་ལུགས་ཀྱི་ཀྲུང་གོའི་ལེའུ་ནི་ཀྲུང་གོ་གུང་ཁྲན་ཏང་མིས་རང་ཉིད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ལག་ལེན་བྱས་པ་ཡིན་ལ། དེའི་ཐོག་མཐའ་བར་གསུམ་དུ་ཁྱབ་ཡོད་པའི་གཞི་རྩ་གཅིག་ནི་ཀྲུང་གོའི་གནད་དོན་ནི་ཀྲུང་གོའི་རྒྱལ་ཁབ་ཀྱི་རྩ་བའི་གནས་ཚུལ་ལ་དམིགས་ནས་ཀྲུང་གོ་མི་རང་ཉིད་ཀྱིས་ལན་གདབ་དགོས་པ་དེ་ཡིན། ང་ཚོས་མར་ཁེ་སིའི་རིང་ལུགས་ལ་ཡིད་ཆེས་བརྟན་པོ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་དད་སེམས་བརྟན་པོར་འཆང་བ་རྒྱུན་འཁྱོངས་པ་དང་། འགྲོ་ལམ་གྱི་གདེང་ཚོད་དང་། རིགས་གཞུང་གི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་སྲ་བརྟན་དུ་བཏང་སྟེ། ལོ་རྒྱུས་འགན་འཁྲི་དང་གསར་སྐྲུན་སྙིང་སྟོབས་སྔར་ལས་ཧུར་ཞིང་བརྩོན་པས་མར་ཁེ་སིའི་རིང་ལུགས་འཕེལ་རྒྱས་གཏོང་ཆེད་བྱས་རྗེས་གསར་པ་འབུལ་བར་འགྱུར་མེད་སོར་གནས་དང་བཀག་སྡོམ་རེངས་འགྱུར་བྱ་རྒྱུ་མེད་ལ། འདྲ་བཤུས་འདྲ་སྤོས་དང་ཕྱི་རྒྱལ་ཤེས་ཡོན་བསླབས་ཀྱང་སྤྱོད་མི་ཤེས་པ་ཡང་བྱེད་མི་རུང་།

        རྩོམ་ཡིག་ཏུ་བསྟན་དོན། རང་ལ་གདེང་ཚོད་ཡོད་ན་གཞི་ནས་རང་སྟོབས་འཕེལ་ཐུབ། ཀྲུང་ཧྭའི་ཤེས་དཔལ་ལོ་ངོ་སྟོང་ཕྲག་དུ་མ་བརྒྱུད་ཀྱང་རྒྱུན་ཆད་མེད་པ་དང་། དཀའ་སྡུག་བར་ཆད་ཐེངས་མང་ཐེབས་ཀྱང་ལོ་མང་ཉམས་ཆག་བྱུང་མེད། དེ་ནི་འགྲོ་བ་མིའི་ཤེས་དཔལ་གྱི་ངོ་མཚར་ཡིན་ལ། ང་ཚོར་གདེང་ཚོད་ཡོད་པའི་གཏིང་ཤུགས་ཀྱང་ཡིན། ཏང་གི་ལོ་ངོ་བརྒྱའི་རིང་གི་འབད་འཐབ་ལོ་རྒྱུས་དང་གྲུབ་འབྲས་རླབས་པོ་ཆེ་ནི་ང་ཚོས“གདེང་ཚོད་བཞི”བརྟན་དུ་གཏོང་བའི་རྨང་གཞི་བརྟན་པོ་ཡིན། དེང་གི་འཛམ་གླིང་དུ་སྲིད་ཏང་གང་དང་། རྒྱལ་ཁབ་གང་། མི་རིགས་གང་ཞིག་ལ་གདེང་ཚོད་ཡོད་མིན་བཤད་དགོས་ན། ཀྲུང་གོ་གུང་ཁྲན་ཏང་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ། ཀྲུང་ཧྭ་མི་རིགས་ལ་རྒྱུ་མཚན་ཆེས་ཆེན་པོ་ལྡན་པའི་གདེང་ཚོད་ཡོད་པ་ཡིན། ང་ཚོ་རང་ཉིད་ཀྱི་ལམ་དུ་བསྐྱོད་པས་གར་སྟེགས་ཡངས་ཤིང་རྒྱ་ཆེ་བ་ཡོད་ཅིང་ལོ་རྒྱུས་ཀྱི་ནང་དོན་ཟབ་ཅིང་རྒྱ་ཆེ་བ་ཡོད་ལ། མདུན་སྐྱོད་ཀྱི་ངེས་ཤུགས་འགྲན་ཟླ་བྲལ་བ་ཡང་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་བར་ངེས་པར་དུ་རང་བཙན་རང་བདག་དང་། རང་ཚུགས་རང་སྟོབས་རྒྱུན་འཁྱོང་དགོས་ཤིང་། རྒྱལ་ཁབ་དང་མི་རིགས་འཕེལ་རྒྱས་གཏོང་བ་དེ་རང་སྟོབས་ཀྱི་གཞི་ཚུགས་སར་བཞག་པ་དང་རང་རྒྱལ་འཕེལ་རྒྱས་དང་ཡར་ཐོན་ཡོང་བའི་ལས་དབང་དེ་རང་ཉིད་ཀྱི་ལག་ཏུ་དམ་པོར་གཟུང་དགོས་པ་རྒྱུན་འཁྱོང་དགོས།

        རྩོམ་ཡིག་ཏུ་བསྟན་དོན། ལམ་ལུགས་ཀྱི་གདེང་ཚོད་བརྟན་པོ་མེད་ན་ཕྱོགས་ཡོངས་ནས་བཅོས་བསྒྱུར་ཟབ་ཏུ་སྤེལ་བའི་བློ་སྟོབས་ཡོད་མི་སྲིད་ལ། དེ་དང་འདྲ་བར་བཅོས་བསྒྱུར་རྒྱུན་ཆད་མེད་པ་དང་ཁ་འབྲལ་ན་ལམ་ལུགས་ཀྱི་གདེང་ཚོད་ཀྱང་མཐར་ཕྱིན་མི་ཐུབ་ཅིང་ཡུན་རིང་པོར་གནས་མི་ཐུབ། ང་ཚོས་བཅོས་བསྒྱུར་ཁྱོན་ཡོངས་ནས་ཟབ་སར་སྤེལ་བར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྔར་བས་ཡག་པོ་ཡོང་བར་བྱ་དགོས་ཤིང་། ང་ཚོས་ལམ་ལུགས་ཀྱི་གདེང་ཚོད་བརྟན་པོར་ཡོང་བ་བཤད་པ་ཡང་རྡོག་ལམ་རང་བཀག་བྱ་རྒྱུ་མིན་གྱི་སྒྲིག་སྲོལ་དང་ལམ་སྲོལ་གྱི་སྐྱོན་ཆ་རྒྱུན་ཆད་མེད་པར་བསལ་ཏེ། ང་ཚོའི་ལམ་ལུགས་འཐུས་ཚང་རྒྱུན་གནས་ཡོང་དུ་འཇུག་ཆེད་ཡིན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་ང་ཚོའི་ལམ་ལུགས་སྔར་ལས་འཐུས་ཚང་དུ་འགྲོ་ངེས་ཡིན་པ་དང་། རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་སྔར་བས་མངོན་གསལ་དོད་པོ་ཡོང་ངེས་ཡིན་ཞིང་། ང་ཚོའི་འགྲོ་ལམ་སྐྱོད་ཅིང་སྐྱོད་ཅིང་རྒྱ་ཇེ་ཆེར་འགྲོ་ངེས་ཡིན་ལ། རང་རྒྱལ་ འཕེལ་རྒྱས་འགྲོ་ལམ་གྱིས་འཛམ་གླིང་ལ་ཤུགས་རྐྱེན་ཐེབས་ཤུགས་ཀྱང་ཇེ་ཆེར་འགྲོ་ངེས་ཡིན། ཀྲུང་གོའི་འཕེལ་རྒྱས་ཀྱི་མདུན་ལམ་ནི་འོད་སྟོང་འབར་བ་ཞིག་ཡིན་པ་ང་ཚོར་གཏིང་ཤུགས་དང་ཡིད་ཆེས་ཡོད་དོ།།