སྤྱོད་གཙང་བདེ་ཆེན་འཛུགས་སྐྲུན་ལས་དོན་གྱི་བརྙན་ལམ་བཀོད་གཏོང་ཚོགས་འདུ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-07-18   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


        ཟླ་7ཚེས་17ཉིན་སྤྱོད་གཙང་བདེ་ཆེན་འཛུགས་སྐྲུན་ལས་དོན་གྱི་བརྙན་ལམ་བཀོད་གཏོང་ཚོགས་འདུ་སེམས་ཀྱི་ཉི་ཟླར་འཚོགས་པ།

        ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཁུལ་དཔོན་ཀྲང་ཝེ་ཏུང་ཚོགས་འདུར་ཕེབས་ཡོད་པ་རེད།

        ཚོགས་འདུའི་ཐོག་རྫོང་(གྲོང་ཁྱེར)གསུམ་དང་དེ་བཞིན་ཁུལ་སློབ་གསོ་ཅུས་དང་། ཁུལ་ནོར་སྲིད་ཅུས། ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་བཅས་ཀྱི་འབྲེལ་ཡོད་ལས་དོན་ལ་སྐུལ་འདེད་བཏང་ཚུལ་གྱི་སྙན་ཞུ་ཉན་པ་དང་། འགན་འཁྲིའི་སྡེ་ཚན་གཞན་དག་བཅུ་གཅིག་གིས་ཡིག་ཐོག་ནས་སྙན་སེང་ཞུས་པ་རེད།

        ཚོགས་འདུའི་ཐོག་སྤྱོད་གཙང་བདེ་ཆེན་འཛུགས་སྐྲུན་ལས་དོན་སྤེལ་ཚུན་ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་མགྱོགས་མྱུར་བྱ་སྤྱོད་སྤེལ་ནས་ཀྲུང་དབྱང་དང་ཞིང་ཨུ། ཁུལ་ཨུའི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་པས་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་བས་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་པ་རེད། ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ལ་སྣང་ཆེན་བྱེད་པའི་མཐོ་ཚད་ཐོག་ནས་སྤྱོད་གཙང་བདེ་ཆེན་འཛུགས་སྐྲུན་ལས་དོན་སྤེལ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་དང་ཁོང་དུ་ཆུད་པ་བྱས་ཏེ་ལས་ཀའི་འགན་འཁྲིའི་བསམ་པ་དང་དགོས་གཏུགས་ཀྱི་བསམ་པ་སྔར་བས་ཆེ་རུ་གཏོང་བ་དང་ཆབ་སྲིད་ཀྱི་འགན་འཁྲི་ཞེས་པའི་“འགག་རྩ་”དེ་དམ་པོར་བཟུང་ནས་“འགན་འཁྲི་བཞི་མཉམ་སྒྲུབ་”ཀྱི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ་སྤྱོད་གཙང་བདེ་ཆེན་འཛུགས་སྐྲུན་བྱ་རྒྱུ་དེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས་རང་ཉིད་དེ་ཡི་ནང་འཇོག་པ་དང་འགན་འཁྲི་དེའི་ནང་བཅུག་སྟེ་འབྲེལ་མཐུད་མཉམ་འདྲེས་དང་གཞི་གཅིག་ཏུ་སྐུལ་འདེད། དམ་འཛིན་ཏན་ཏིག་བཅས་བྱ་དགོས་ཞེས་བསྟན་པ་རེད།

        ཚོགས་འདུའི་ཐོག་རིམ་ཁག་ཏང་ཨུ་དང་སྲིད་གཞུང་། འགན་ནུས་སྡེ་ཚན་གྱི་འགན་འཁྲི་སྔར་བས་ནན་དུ་བཏང་ནས་ལྟ་སྐུལ་དང་ཕན་འབྲས་རྗེས་འདེད་འདྲི་རྩད་བྱེད་ཤུགས་ཆེ་རུ་གཏོང་དགོས།  ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ལས་བགོས་འགན་གཉེར་འགོ་ཁྲིད་ཀྱིས་ལས་དོན་ལ་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ལས་དོན་ཁྲོད་ཀྱི་འགག་གནད་དང་། དཀའ་གནད་སོགས་ཀྱི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས། ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཕྱོགས་སྡོམ་གདམ་གསེས་ལ་ཤུགས་སྣོན་བརྒྱབ་ནས་བཀྲག་མདངས་འཚེར་ས་ཡོད་པའི་ལས་དོན་སྔོག་འདོན་གནད་ལ་འཁེལ་བ་དང་ཁྱད་ཆོས་ལྡན་པའི་ལས་དོན་ཕྱོགས་སྡོམ་གནད་ལ་འཁེལ་བ་བྱེད་དགོས། ཁུལ་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཆབ་སྲིད་ལྟ་སྐུལ་གྱི་བླང་བྱར་གཞི་ཚུགས་ཏེ་ལྟ་སྐུལ་སྐུལ་འདེད་དང་དཔེ་སྟོན་སྐུལ་འདེད་ཀྱི་ནུས་པ་འདོན་སྤེལ་བྱས་ནས་སྒྲིག་ཁྲིམས་ལག་བསྟར་ལ་ལྟ་སྐུལ་སྔར་བས་ནན་པོ་བྱས་ཏེ་ལས་དོན་ཁག་ལ་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་བཏང་ནས་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

        ཁུལ་གྱི་འགོ་ཁྲིད་དབྱང་ཙི་ཅང་དང་། ཁྲེན་ཆུན། ཀྲོང་ཞའོ་ཕིང་བཅས་ཚོགས་འདུར་ཞུགས་པ་རེད།

        ཚོགས་འདུ་དེ་བརྙན་ལམ་གྱི་རྣམ་པའི་ཐོག་ནས་རྫོང་(གྲོང་ཁྱེར)ཁག་ཏུ་འཚོགས་པ་རེད།