སེམས་ཀྱི་ཉི་ཟླའི་བེ་ཤ་ཐོན་ཁུལ་ཆེ་གྲས་བཅུའི་ཡང་ཐང་དུ་བསྐྱོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-07-18   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

图片
图片
图片
图片
    ཡང་ཐང་གྲོང་རྡལ་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ལྷོ་ཕྱོགས་སུ་གནས་ཡོད་པ་དང་། འདི་གར་ཐུན་མོང་མ་ཡིན་པའི་རང་བྱུང་ཐོན་ཁུངས་དང་གཏིང་ཟབ་པའི་བོད་ཀྱི་རིག་གནས་ཡོད་པ་མ་ཟད། ད་དུང་རྩ་ཆེན་གྱི་བཟའ་བྱའི་ཤ་མོ་བེ་ཤ་ཐོན་པའི་ནོར་བུ་ས་ཆ་ཡིན། བེ་ཤ་ནི་སྦགས་བཙོག་མེད་པའི་རང་བྱུང་ཁོར་ཡུག་འོག་སྐྱེས་དང་འདམ་བག་དང་གསོམ་ཤིང་གི་དྲི་ཞིམ་ཟབ་མོ་བཅས་ཀྱིས་མིང་དུ་གྲགས་པ་རེད།
图片
图片
图片
    ཡང་ཐང་གྲོང་རྡལ་དུ་སྟོང་མཚོ་དང་ཨ་པུའུ་ཅི་སོགས་ཡུལ་ལྗོངས་ཐུན་མོང་མ་ཡིན་པ་མང་པོ་ཡོད་པ་རེད། ཡང་ཐང་གྲོང་རྡལ་དུ་བེ་ཤ་ནི་རོ་ཚོར་གྱི་གསོལ་སྟོན་གཟབ་རྒྱས་ཤིག་ཡིན་པ་མ་ཟད་རིག་གནས་ཉམས་ལེན་གྱི་ཆ་ཤས་ཤིག་ཀྱང་ཡིན། དེ་མ་ཚད་ཇ་བསྲུབས་མ་དང་།ནས་ཆང་། ཞོ། རྩམ་པ་སོགས་བོད་ཀྱི་ཁྱད་ཆོས་ལྡན་པའི་ཟས་མཆོག་གིས་ཀྱང་ཁྱེད་ཀྱི་རོ་འཛིན་འབུར་མ་ལ་ཡིད་ཚིམ་དུ་བཅུག