དབྱར་དུས་ཐོག་གི་གནོད་པ་འགོག་ཐབས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-07-18   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

        ཉེ་དུས་ཆར་ཞོད་ཆེ་རུ་ཕྱིན་པའི་རྐྱེན་གྱིས་ཐོག་རྒྱག་པ་དང་དྲག་ཆར་རླུང་འཚུབ་སོགས་ཀྱི་གནམ་གཤིས་བསྟན་སླ་པོ་ཡོད། དེའི་རྐྱེན་གྱིས་མི་ཕྱུགས་གཉིས་ལ་ཐོག་གི་གནོད་པ་འབྱུང་བའི་ཉེན་ཁའང་ཧ་ཅང་ཆེན་པོ་ཡོད། དེར་བརྟེན་རྒྱ་ཆེའི་དྲ་དམངས་ཡོངས་ལ་ཐོག་གི་གནོད་པ་འགོག་ཐབས་ཀྱི་རྒྱུན་ཤེས་ཁག་གཅིག་ཞུ་གི་ཡིན།

图片

    1. འབྲུག་སྐད་བརྒྱབ་ནས་གློག་དམར་འཁྱུག་སྐབས། མྱུར་དུ་ཁྱིམ་ལ་འཛུལ་ནས་སྒོ་དང་སྒེའུ་ཁུང་རྒྱག་པ་དང་ཁྱིམ་གྱི་གློག་ཁུངས་ཡོད་ཚད་བཀག་དགོས།

图片

    2. གལ་ཏེ་ཁྱེད་རང་ཕྱི་རོལ་ལམ་ཡང་ན་འགྲོ་ལམ་ཐོག་ཡོད་པ་ཡིན་ན། ཐོག་མར་ཁ་པར་གྱི་གློག་སྒོ་མྱུར་དུ་རྒྱག་དགོས་པ་མ་ཟད། རབ་བྱུང་ན་ཁ་པར་འགྱིག་ཤོག་ཁུག་མའི་ནང་ལ་བླུག་དགོས། ཁྱེད་རང་གི་ལུས་པོར་རྒྱུ་ལྕགས་ལས་བཟོས་པའི་རྒྱན་ཆ་དང་ལག་ཆ་སོགས་ཡོད་ན། འགྱིག་ཁུག་ནང་འཇུག་པའམ་ཡང་ན་ཐག་རིང་སར་འཇོག་དགོས།

图片

 3. བདེ་འཇགས་ཁུལ་ཞིག་བཙལ་ནས། ལུས་པོ་ཙོག་པུར་སྡོད་དགོས་ལ། གློག་ཤིང་དང་། ཤིང་སྡོང་། ལྕགས་དྲ་སོགས་དང་རྒྱུ་ལྕགས་ལས་བཟོས་པའི་དངོས་པོའི་ཉེ་འགྲམ་དུ་སྡོད་མི་རུང་།

图片
    4. རླངས་འཁོར་ལ་ཐོག་འགོག་གི་ནུས་པ་ཡོད་པས་རླངས་འཁོར་ནང་བསྡད་ན་ཡག་པོ་ཡོད། ཡིན་ནའང་། བདེ་འཇགས་ཡོད་པའི་ས་ཆ་ཞིག་ཏུ་རླངས་འཁོར་ཁ་བཀག་པ་དང་སྦྲགས་གློག་བསད་དེ་སྡོད་དགོས།