ཚང་འཛོམས་གྲོས་ཚོགས་ཀྱི་ཆོད་དོན་གཙོ་གནད་སྐོར་ལ་རྒྱུས་ལོན་བྱ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-07-21   རྩོམ་ཁུངས།    ཁམས་པའི་བརྙན་འཕྲིན།


                图片
        ཟླ་༧ཚེས་༡༥ཉིན་ནས་ཚེས་༡༨ཉིན་བར་ཀྲུང་གོའི་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་པེ་ཅིན་དུ་འཚོགས་པ་རེད། ཚང་འཛོམས་གྲོས་ཚོགས་ཐོག་《ཕྱོགས་ཡོངས་ནས་བསྒྱུར་བཅོས་སྔར་བས་ཟབ་སྤེལ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་ཆོད་དོན་》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། 

        ཚེས་༡༨ཉིན་ཞིན་ཧྭ་གསར་འགྱུར་ཁང་ལ་དབང་ཆ་སྤྲད་ནས་སྤེལ་བའི་ཚང་འཛོམས་གྲོས་ཚོགས་ཀྱི་སྤྱི་བསྒྲགས་ཁྲོད་ནས། ང་ཚོས་ཕྱོགས་ཡོངས་ནས་བསྒྱུར་བཅོས་སྔར་བས་ཟབ་སྤེལ་བྱེད་པའི་འཐབ་ཇུས་ཀྱི་གཙོ་གནད་ལ་རྒྱུས་ལོན་བྱ་ཐུབ། 

        གཅིག ལས་འགན་གཙོ་བོར་དམ་པོར་དམིགས་ནས། མ་འོངས་པའི་ལོ་ལྔའི་བསྒྱུར་བཅོས་ཀྱི་ལས་འགན་བཀོད་སྒྲིག་བྱས། 

        ཏང་གི་ལས་འགན་གཙོ་བོར་ལ་དམ་པོར་དམིགས་ནས་བསྒྱུར་བཅོས་ལ་ཇུས་འགོད་དང་སྐུལ་འདེད་གཏོང་བ་ནི་ང་ཚོའི་ཏང་གིས་བསྒྱུར་བཅོས་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་ཐོབ་པའི་ཉམས་མྱོང་གལ་ཆེན་ཞིག་ཡིན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་ནི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་བའི་དར་ཆ་ཞིག་དང་། ཕྱོགས་ཡོངས་ནས་བསྒྱུར་བཅོས་སྔར་བས་ཟབ་སྤེལ་བྱེད་པའི་བརྗོད་བྱ་གཙོ་བོ་ཡང་ཡིན་པ་རེད།

        ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་བསྒྱུར་བཅོས་སྒོ་འབྱེད་ཁྲོད་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་ཞིག་ཡིན་ལ། བསྒྱུར་བཅོས་སྒོ་འབྱེད་ཀྱི་ཁྲོད་དུ་མདུན་ལྗོངས་རྒྱ་ཆེན་པོ་གཏོད་ངེས་ཡིན་ཞེས་པའི་ཚང་འཛོམས་གྲོས་ཚོགས་ཀྱི་སྤྱི་བསྒྲགས་ཁྲོད་ཀྱི་གསུང་བཤད་འདི་ཡིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དང་བསྒྱུར་བཅོས་སྒོ་འབྱེད་བར་གྱི་ནང་གནས་འབྲེལ་བ་གསལ་པོར་བསྟན་ཡོད།

        ཚང་འཛོམས་གྲོས་ཚོགས་ཐོག་བསྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་སྤྱིའི་དམིགས་འབེན་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མུ་མཐུད་དེ་འཐུས་ཚང་དང་འཕེལ་རྒྱས་གཏོང་རྒྱུ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་དེ་ཡིན་ཞེས་བསྟན་པ་དང་། དུས་མཚུངས་སུ་༢༠༣༥ལོའི་བར་དུ་མངོན་འགྱུར་བྱ་དགོས་པའི་བསྒྱུར་བཅོས་ཀྱི་དམིགས་འབེན་གཙོ་བོར་གཞིར་བཟུང་ནས་མ་འོངས་པའི་ལོ་ལྔ་ཡི་ལས་དོན་བཀོད་སྒྲིག་བྱས་ཏེ། ༢༠༢༩ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་བརྒྱད་ཅུ་འཁོར་བའི་དུས་སུ་ཆོད་དོན་འདིའི་ནང་བཏོན་པའི་བསྒྱུར་བཅོས་ཀྱི་ལས་འགན་ལེགས་འགྲུབ་བྱ་དགོས་པ་གསལ་བོར་བསྟན་པ་རེད།

        ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པར་སྔ་འཛིན་ཕྱི་གཏོད་ཀྱི་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཡོད་དེ། དེ་ནི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པའི་ལག་ལེན་གྱི་རྒྱུན་མཐུད་ཅིག་ཡིན་ལ། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་དུས་རབས་ཀྱི་ལེའུ་གསར་པ་ཞིག་ཀྱང་ཡིན།

        ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་འཛུགས་པར་དམིགས་པ་དང་། འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོར་དམིགས་པ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྱོང་བྱེད་པར་དམིགས་པ། མི་དམངས་ཀྱི་འཚོ་བའི་སྤུས་ཚད་ཇེ་མཐོར་གཏོང་བར་དམིགས་པ། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་དམིགས་པ། ཆུ་ཚད་སྔར་ལས་མཐོ་བའི་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱ་རྒྱུར་དམིགས་པ། ཏང་གི་འགོ་ཁྲིད་ཆུ་ཚད་དང་ཡུན་རིང་གི་སྲིད་སྐྱོང་ནུས་པ་ཆེ་རུ་གཏོང་རྒྱུར་དམིགས་པ་བཅས་ཚང་འཛོམས་གྲོས་ཚོགས་ཐོག་དམིགས་པ་བདུན་གསལ་པོ་བཏོན་ཡོད། འདི་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཤུགས་རྒྱག་ས་དང་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པའི་འབད་བརྩོན་བྱ་ཡུལ་ཡང་ཡིན་པ་རེད།

        ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འགན་སྲུང་གལ་ཆེན་ཞིག་ཡིན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ངང་འཕེལ་རྒྱས་གཏོང་རྒྱུ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དགོས་ངེས་ཀྱི་བླང་བྱ་ཡིན་པ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ངོ་བོའི་བླང་བྱ་ཡིན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕན་ཚུན་མཐུན་སྦྱོར་བྱེད་པའི་དེང་རབས་ཅན་ཡིན་པ་སོགས་བླང་བྱ་གསལ་བོ་རབ་དང་རིམ་པ་བཏོན་པ་ལས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་དམ་པོར་དམིགས་ནས་སྐོར་གསར་པའི་སྒྱུར་བཅོས་ལ་འཆར་འགོད་དང་བཀོད་སྒྲིག་བྱེད་པའི་ཁ་ཕྱོགས་གསལ་བོར་མཚོན་པ་རེད། 

        གཉིས། རྩ་ཆེའི་ཉམས་མྱོང་ཕྱོགས་བསྡོམས་བྱས་ཏེ། རྒྱུན་འཁྱོངས་དྲུག་གིས་ཕྱོགས་ཡོངས་ནས་བསྒྱུར་བཅོས་སྔར་བས་ཟབ་སྤེལ་བྱེད་པར་ངེས་པར་དུ་ལག་བསྟར་བྱ་དགོས་པའི་རྩ་དོན་གསལ་པོར་བསྟན་ཡོད།

        ཚང་འཛོམས་གྲོས་ཚོགས་ཐོག་དུས་རབས་གསར་པ་ནས་བཟུང་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱས་ནས་རྒྱལ་ཁའི་ལག་ལེན་དང་རླབས་ཆེའི་གྲུབ་འབྲས་ལ་གདེང་འཇོག་ཚད་མཐོན་པོ་བྱས་ཤིང་། དུས་མཚུངས་སུ་རྒྱུན་འཁྱོངས་དྲུག་གིས་བསྒྱུར་བཅོས་སྒོ་འབྱེད་བྱས་པ་ནས་བཟུང་དང་། ཁྱད་པར་དུ་དུས་རབས་གསར་པར་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱས་པའི་རྩ་ཆེའི་ཉམས་མྱོང་ཕྱོགས་བསྡོམས་གཏིང་ཟབ་བྱས་ཡོད་དེ།

        ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་། མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས། བདེན་སྲུང་གསར་གཏོད་རྒྱུན་འཁྱོངས། ལམ་ལུགས་འཛུགས་སྐྲུན་གཙོ་བོར་འཛིན་པ་རྒྱུན་འཁྱོངས། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས། མ་ལག་གི་འདུ་ཤེས་རྒྱུན་འཁྱོངས་བཅས་བྱེད་དགོས།

        ༢༠༡༣ལོར། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་བསྒྱུར་བཅོས་སྒོ་འབྱེད་ཀྱི་རྒྱལ་ཁའི་ལག་ལེན་ལ་ཚན་རིག་དང་མཐུན་པའི་ཕྱོགས་བསྡོམས་བྱས་ཤིང་། ཏང་གི་འགོ་ཁྲིད་དང་། བསམ་བློའི་ལམ་ཕྱོགས། ལག་ལེན་གྱི་གཙོ་གཞི། ཚན་རིག་དང་མཐུན་པའི་བྱེད་ཐབས་སོགས་ཀྱི་ཐད་ནས་རྒྱུན་འཁྱོངས་བྱ་དགོས་པ་བཞི་ཞེས་པའི་ཉམས་མྱོང་གལ་ཆེན་སྙིང་བསྡུས་བྱས་ཡོད།

        དུས་རབས་གསར་པ་ནས་བཟུང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཆབ་སྲིད་ཀྱི་བློ་སྟོབས་དང་བློ་གྲོས་ཆེན་པོར་བརྟེན་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསྒྱུར་བཅོས་གཞུང་ལུགས་དང་བསྒྱུར་བཅོས་ཀྱི་ལག་ལེན་དེ་རྒྱ་ཇེ་ཆེ་དང་གཏིང་ཇེ་ཟབ་ལ་བཏང་ཡོད།ད་ལྟ་བསྒྱུར་བཅོས་ཀྱི་བསམ་བློའི་རྨང་གཞི་དང་། ལག་ལེན་གྱི་རྨང་གཞི། ལམ་ལུགས་ཀྱི་རྨང་གཞི། དམངས་སེམས་ཀྱི་རྨང་གཞི་བཅས་སྔར་བས་སྲ་བརྟན་དུ་གྱུར་ཡོད། བསྒྱུར་བཅོས་ཀྱི་ལག་ལེན་ཁྲོད་ནས་རིགས་པའི་གཞུང་ལུགས་གསར་གཏོད་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་། རིགས་པའི་གཞུང་ལུགས་གསར་གཏོད་ཀྱིས་བསྒྱུར་བཅོས་དང་ལག་ལེན་གསར་པར་ཁྲིད་སྟོན་བྱེད་དགོས་པ་རེད།

        རྒྱུན་འཁྱོངས་དྲུག་གི་རྩ་དོན་གལ་ཆེན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་འཇིག་རྟེན་ལྟ་བ་དང་། བརྟག་ཐབས་སྨྲ་བ། དེའི་ཁྲོད་དུ་ཁྱབ་པའི་ལངས་ཕྱོགས་དང་ལྟ་བ་བྱེད་ཐབས་བཅས་ལེགས་པར་མཚོན་ཞིང་། ང་ཚོའི་ཏང་གིས་བསྒྱུར་བཅོས་ཀྱི་ཆོས་ཉིད་ལ་ངོས་ཟིན་བྱེད་པ་སྔར་བས་གཏིང་ཟབ་ཏུ་བཏང་ཞིང་། དེ་ནི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པའི་གལ་ཆེའི་གཞི་འཛིན་ས་ཡང་ཡིན་པ་རེད།

        གསུམ། སྤྱི་ཚོགས་ཀྱི་རེ་སྒུག་ལ་ལན་བཏབ་ནས་དཔལ་འབྱོར་སྒྲིག་སྲོལ་བསྒྱུར་བཅོས་ལ་སྣེ་ཁྲིད་བྱེད་པ།

        རྙོག་འཛིང་ཆེ་བའི་རྒྱལ་སྤྱི་དང་རྒྱལ་ནང་གི་གནས་བབ་དང་། ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གསར་པ། མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པ་བཅས་ཀྱི་མདུན་ནས། ངེས་པར་དུ་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱ་རྒྱུ་དེ་ཁྱོན་ཡོངས་བརྟན་ལྷིང་དང་། འགྱུར་ལྡོག་ལ་ཁ་གཏད་འཇལབ། གནས་བབ་གསར་པ་གཏོད་པ་བཅས་ཀྱི་གལ་ཆེའི་དམ་འཛིན་བྱ་ཡུལ་དུ་འགྱུར་དགོས།

        ད་ལོའི་ཟླ་གཉིས་པར་འཚོགས་པའི་ཀྲུང་དབྱང་གི་བསྒྱུར་བཅོས་ཟབ་སྤེལ་ཨུ་ལྷན་གྱི་གྲོས་ཚོགས་ལས་ནན་གྱིས་བསྟན་དོན།

        བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་བྱེད་ཐབས་གལ་ཆེན་ལ་སྔར་བས་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད་བྱེད་དགོས་ཤིང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་བདེ་བླག་ངང་སྐུལ་འདེད་གཏོང་བར་འགོག་རྐྱེན་བཟོ་བའི་སྒྲིག་སྲོལ་དང་ནང་རྐྱེན་གྱི་འགོག་རྐྱེན་ལ་དམིགས་དགོས་པ་དང་། བསྒྱུར་བཅོས་ལ་ཁ་ཕྱོགས་གསལ་བོ་དགོས་པ་དང་། གནད་དོན་གཙོ་བོ་ཐག་གཅོད་ལ་དམིགས་པ། བསྒྱུར་བཅོས་ཀྱི་ལས་དོན་ཚ་ཚ་འུར་འུར་གྱིས་སྤེལ་བ་དང་། ནང་དོན་ཕུན་སུམ་ཚོགས་པོ་ལྡན་དགོས།

        ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཐོག་དམིགས་འབེན་གྱི་ཁྲིད་ཕྱོགས་དང་གནད་དོན་གྱི་ཁྲིད་ཕྱོགས་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་བསྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་མ་ལག་རང་བཞིན་ལྡན་པའི་བཀོད་སྒྲིག་བྱས་ཡོད། ཚང་འཛོམས་གྲོས་ཚོགས་ཀྱི་སྤྱི་བསྒྲགས་ལས་དཔལ་འབྱོར་སྒྲིག་སྲོལ་བསྒྱུར་བཅོས་བྱ་རྒྱུའི་ནང་དོན་ནི་གལ་ཆེའི་ནང་གི་འགངས་ཆེན་ཡིན་པ་དང་དཔལ་འབྱོར་སྒྲིག་སྲོལ་བསྒྱུར་བཅོས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱ་རྒྱུར་ཧ་ཅང་མཐོང་ཆེན་བྱས་ཡོད་པ་ཤེས་ཐུབ།

        དམིགས་འབེན་གཅིག་ཧ་ཅང་མངོན་གསལ་དོད་པོ་ཡིན་ཏེ། ༢༠༣༥ལོར་སླེབས་དུས་ཕྱོགས་ཡོངས་ནས་ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་འཛུགས་སྐྲུན་ཐུབ་པར་བྱེད་དགོས།  འདི་ནི་དམིགས་པ་བདུན་གྱི་ཐོག་མ་ཡིན་པར་མ་ཟད། དུས་ཚོད་དང་ལམ་ཐིག་གསལ་བོར་བཀོད་ཡོད་པ་རེད།

        ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་འཛུགས་རྒྱུ་དང་། དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་སྒྲིག་སྲོལ་དང་ནང་རྐྱེན་འཐུས་ཚང་དུ་གཏོང་བ། སྤྱི་ཁོག་དཔལ་འབྱོར་བཅོས་སྐྱོང་མ་ལག་འཛུགས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ངང་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་དང་ནང་རྐྱེན་འཐུས་སྒོ་ཚང་དུ་གཏོང་བ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་སྒྲིག་སྲོལ་དང་ནང་རྐྱེན་འཐུས་སྒོ་ཚང་དུ་གཏོང་བ།

        ཚང་འཛོམས་གྲོས་ཚོགས་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པས་སྒྱུར་བཅོས་ལ་སྣེ་ཁྲིད་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགག་གནད་དང་འགག་རྩར་དམིགས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་ཆེད་བསྒྱུར་བཅོས་ཀྱི་སྒུལ་ཤུགས་གསར་པ་བསྣན་པ་རེད།

        སློབ་གསོ་དང་། ཚན་རྩལ། ཤེས་ལྡན་མི་སྣ་བཅས་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་རྒྱབ་རྟེན་ཞིག་ཡིན་པས། ཚང་འཛོམས་གྲོས་ཚོགས་ཐོག་གསར་གཏོད་བྱ་རྒྱུ་དེ་མངོན་གསལ་དོད་པའི་གནས་སུ་བཞག་ནས་སློབ་གསོ་དང་ཚན་རྩལ་ཤེས་ལྡན་མི་སྣ་བཅས་ཀྱི་སྒྲིག་སྲོལ་དང་ནང་རྐྱེན་གཞི་གཅིག་ཏུ་བསྒྱུར་བཅོས་བྱེད་པར་གཅིག་གྱུར་གྱིས་སྐུལ་འདེད་གཏོང་དགོས་ཞེས་གསལ་པོ་བཏོན་ཡོད། འདི་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པས་སློབ་གསོ་དང་ཚན་རྩལ། ཤེས་ལྡན་མི་སྣ་བཅས་ལ་ཆེད་དོན་བཀོད་སྒྲིག་བྱས་རྗེས། ཡང་བསྐྱར་འཐབ་ཇུས་ཀྱི་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པ་རེད།

        དུས་མཚུངས་སུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་བར་ཕན་ཚུན་སྐུལ་འདེད་གང་ལེགས་གཏོང་བར་འབད་བརྩོན་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཐོག་ད་དུང་ངེས་པར་དུ་ཁྱོན་ཡོངས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་སྒོ་ཀུན་ནས་ལག་ལེན་མཐར་ཕྱིན་བསྟར་དགོས་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་སྒྲིག་སྲོལ་དང་ནང་རྐྱེན་འཐུས་སྒོ་ཚང་དུ་གཏོང་དགོས་ཞེས་ནན་གྱིས་བསྟན་པ་རེད།

        དཔལ་འབྱོར་སྒྲིག་སྲོལ་བསྒྱུར་བཅོས་ལ་གཙོ་གནད་སྐུལ་འདེད་གཏོང་བ་དང་མཉམ་དུ། ཁྱབ་ཁོངས་གཞན་དག་གི་བསྒྱུར་བཅོས་ལ་གཅིག་གྱུར་གྱིས་འཆར་འགོད་ཡག་པོ་བྱས་ཏེ་སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་ཡོངས་ཀྱི་བསྒྱུར་བཅོས་ཟབ་སྤེལ་ལ་ལག་ལེན་རང་བཞིན་ལྡན་པར་སྔར་བས་གཙིགས་སུ་འཛིན་པ་དང་།  གཙོ་གནད་འབུར་ཐོན་ཡོང་བར་སྔར་བས་གཙིགས་སུ་འཛིན་པ། བསྒྱུར་བཅོས་ཀྱི་ཕན་འབྲས་དངོས་ལ་སྔར་བས་གཙིགས་སུ་འཛིན་པ་བཅས་ཀྱི་མངོན་གསལ་དོད་པའི་ཁྱད་ཆོས་མངོན་པར་བྱས་ཡོད།