ཁུལ་ཡོངས་ཀྱི་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་ལས་ཀར་དངོས་ཕན་ཐབ་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-07-22   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཉེ་བའི་ལོ་འགའི་རིང་།རང་ཁུལ་གྱིས་ལུམ་ལུགས་འཛུགས་སྐྲུན་དང་ནུས་ཤུགས་འཛུགས་སྐྲུན།སློབ་གསོ་གསོ་སྦྱོང་།དྲིལ་བསྒྲགས་ཁྱབ་སྤེལ་སོགས་ཀྱི་ཐད་ལ་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་ལས་ཀ་བསྒྲུབས་པ་དང་ཏང་ཨུས་འགོ་ཁྲིད་དང་སྲིད་གཞུང་གིས་གཙོ་ཁྲིད།སྐད་ཨུས་གཅིག་འགྱུར་འཆར་འགོད།སྡེ་ཚན་གྱིས་རོགས་སྐྱོར།སྤྱི་ཚོགས་ཞུགས་པའི་སྐད་ཡིག་ལས་ཀའི་ཆགས་སྟངས་འཛུགས་ནས།སྤྱི་སྐད་ཁྱབ་གདལ་དུ་གཏོང་བ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་སོ་སོ་དང་།རིམ་པ་སོ་སོར་འདྲེས་ཤིང་།ཐབས་མང་མཉམ་སྤྱོད་ཀྱིས་སྐད་ཡིག་ལས་ཀར་ཕན་ནུས་ཐོན་པར་སྐུལ་འདེད་གཏོང་བ།

        ལས་དོན་མཉམ་འགུལ་བྱེད་ཤུགས་ཆེ་རུ་གཏོང་བ། བདེ་ཆེན་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་དང་ཁུལ་སློབ་གསོ་ལུས་རྩལ་ཅུས་སོགས་སྡེ་ཚན་མང་པོས་མཉམ་འགུལ་བྱས་ཏེ་ཆོས་ལུགས་ཁྱབ་ཁོངས་ཀྱི་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བའི་ལས་དོན་ལ་ཤུགས་སྣོན་བརྒྱབ་པ་དང་། བདེ་ཆེན་ཁུལ་ཆོས་ལུགས་ལས་རིགས་ཀྱི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་གཏམ་བཤད་ཡིག་གཟུགས་འགྲན་བསྡུར་ཆེ་མོ་སོགས་ཀྱི་བྱེད་སྒོ་སྤེལ་ནས། ཆོས་ལུགས་ལས་རིགས་ཀྱི་མི་སྣས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཉེར་སྤྱོད་བྱེད་པའི་ནུས་པ་དང་ཆུ་ཚད་སྔར་བས་ཇེ་མཐོར་བཏང་སྟེ་།ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་སྒྲུབ་ཀྱི་འདུ་ཤེས་ཁྱོན་ཡོངས་ནས་བརྟན་པོར་འཛུགས་པ། མི་རིགས་ས་ཁུལ་ལ་དམིགས་ནས་གྲངས་ཉུང་མི་རིགས་མང་ཚོགས་ཀྱི་“སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བའི་འགག་སྒྲོལ་ལས་གྲྭ་”ལག་བསྟར་ནུས་ལྡན་བྱས་པ། རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་མཐོར་གཏོང་ལས་གྲྭ་དང་ཁྱབ་གདལ་གྱིས་གྲོང་གསེབ་དར་རྒྱས་ལ་རོགས་རམ་བྱེད་པའི་འཆར་གཞི་ལག་བསྟར་གཏིང་ཟབ་བྱས་ཏེ་2023ལོའི་ལོ་མཇུག་བར་ཁྱོན་བསྡོམས་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གྲོང་ཚོ་79གསར་འཛུགས་ལས་དོན་ལེགས་གྲུབ་བྱུང་བ་དང་། མི་རིགས་ས་ཁུལ་གྱི་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་ཚད་དང་གྲོང་གསེབ་མང་ཚོགས་ཀྱི་སྤྱི་སྐད་ཆུ་ཚད་ཆེས་ཆེར་མཐོ་རུ་བཏང་བ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་གཏོང་བ་དང་འབྲེལ་མཐུད་ནུས་ལྡན་བྱེད་པར་རོགས་རམ་བྱས་པ།

        དཔེ་སྟོན་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ། ཕྱོགས་ཡོངས་ནས་རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གྲྭའི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་སློབ་གསོར་ཤུགས་སྣོན་པ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དེ་སློབ་གསོའི་སློབ་ཁྲིད་ཀྱི་གཞི་རྩའི་སྐད་ཡིག་ཏུ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་། སྐད་ཡིག་ཚད་ལྡན་ཅན་གྱི་བླང་བྱ་དེ་སློབ་གསོའི་སློབ་ཁྲིད་ཀྱི་རིམ་པ་སོ་སོར་འཇོག་ཡོད།ལོ་ན་རིམ་པ་མི་འདྲ་བའི་སློབ་མའི་ལུས་སེམས་འཕེལ་རྒྱས་ཀྱི་ཁྱད་ཆོས་ལ་གཞིགས་ནས་། རིམ་པ་སོ་སོའི་སློབ་ཁྲིད་ཀྱི་དམིགས་འབེན་དང་གཙོ་གནད་ཁ་གསལ་བྱས་ཏེ་། སློབ་ཆུང་དང་། སློབ་འབྲིང་། འབྲིང་རིམ་ལས་རིགས་སློབ་གླིང་གི་རིམ་པ་སོ་སོའི་ཕན་ནུས་ལྡན་པའི་འབྲེལ་མཐུད་དང་། གཞི་གཅིག་ཅན་གྱི་འཕེལ་རྒྱས་ཀྱི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་གསོའི་མ་ལག་ཆགས་པ། 2023་ལོའི་ལོ་མཇུག་བར་། ཁུལ་ཡོངས་ཀྱིས་ཞིང་ཆེན་རིམ་པའི་སྐད་ཡིག་ཚད་ལྡན་ཅན་གྱི་དཔེ་སྟོན་སློབ་གྲྭ་11་དང་། ཞིང་ཆེན་རིམ་པའི་ཚད་ལྡན་རྒྱ་ཡིག་འབྲི་བའི་སློབ་གསོའི་ཁྱད་ཆོས་ལྡན་པའི་སློབ་གྲྭ་6 ཁུལ་རིམ་པའི་སྐད་ཡིག་ཚད་ལྡན་ཅན་གྱི་དཔེ་སྟོན་སློབ་གྲྭ་29 སྐད་ཡིག་ཚད་ལྡན་ཅན་གྱི་ཚད་ལོན་སློབ་གྲྭ་94་བཅས་གསར་འཛུགས་བྱས་པ།

 

        རྒྱུན་ལྡན་གྱི་སློབ་གསོ་རྒྱག་ཤུགས་ཆེ་རུ་གཏོང་བ། སློབ་གྲྭའི་སྤྱི་སྤྱོད་སྐད་ཡིག་ཁྱབ་སྤེལ་གཡུལ་ས་གཙོ་བོའི་ནུས་པ་འདོན་སྤེལ་བྱེད་པ། སློབ་གྲྭའི་ནང་དུ་རིག་གནས་ཁྱམས་རིང་དང་དཔེ་ཀློག་བྱེད་ས་འཛུགས་པ་དང་། སློབ་གྲྭའི་ཀུན་ཁྱབ་རླུང་འཕྲིན་འཛུགས་པ། ཀྲུང་ཧྭའི་གསུང་རབ་བློར་འཛིན་འཆད་ཁྲིད་དང་ཁྱབ་སྤེལ་དྲིལ་བསྒྲགས་གཟའ་འཁོར་སོགས་ཁྱད་ཆོས་མངོན་གསལ་དང་རྣམ་པ་སྣ་ཚོགས་ཀྱི་བྱེད་སྒོ་རྒྱ་ཆེར་སྤེལ་བ། རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གྲྭའི་སྤྱི་སྐད་སློབ་གསོའི་སློབ་ཁྲིད་བྱ་བར་ཤུགས་སྣོན་རྒྱག་པ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གོ་ཐོས་སློབ་མའི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གོ་ཐོས་འབྲི་ཀློག་གི་ནུས་པ་མཐོར་འདེགས་སུ་གཏོང་བ། དགེ་རྒན་གྱིས་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་ཉེར་སྤྱོད་པའི་སློབ་ཁྲིད་བྱེད་ཤུགས་ཆེན་པོས་སྤེལ་བ་དང་། སློབ་གྲྭ་ཆུང་འབྲིང་གི་བྱིས་གཉོར་ཁང་གི་དགེ་རྒན་གྱི་སྤྱི་སྐད་ཆུ་ཚད་གསོ་སྦྱོང་དང་ཚད་ལེན་ཚོད་ལྟ་བྱེད་ཤུགས་ཇེ་དྲག་ཏུ་བཏང་སྟེ། ཁུལ་ཡོངས་དགེ་རྒན་གྱི་སྤྱི་སྐད་ཚད་ལོན་ཚད་མངོན་གསལ་གྱིས་ཇེ་མཐོར་སོང་བ་དང་།2023ལོའི་ལོ་མཇུག་བར་དུ། ཁུལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་སྤྱི་སྐད་ཆུ་ཚད་ཚད་ལོན་ཚད་98%ཡིན།