དུས་བདེའི་བདེ་ཆེན་འཛུགས་སྐྲུན་ལས་དོན་བཀོད་གཏོང་ཚོགས་འདུ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-07-22   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཉེ་སྔོན། 2024ལོ་འཁོར་གྱི་དུས་བདེའི་བདེ་ཆེན་འཛུགས་སྐྲུན་ལས་དོན་བཀོད་གཏོང་ཚོགས་འདུ་ཐེངས་3པ་འཚོགས་པ།

        ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཕེང་ཧྲན་ཚོགས་འདུར་ཞུགས་པ་དང་འབྲེལ་ཡོད་ལས་ཀ་བཀོད་སྒྲིག་གནང་བ། ཁུལ་ཨུའི་རྒྱུན་ཨུ། ཁུལ་ཨུའི་སྲིད་ཁྲིམས་ཨུའི་ཧྲུའུ་ཅི་དབྱང་ཞུའེ་ཝུན་གྱིས་ཚོགས་འདུ་གཙོ་སྐྱོང་བྱས།

        ཚོགས་འདུ་མ་འཚོག་གོང་། ཕེང་ཧྲན་དང་བཅས་པ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་དང་། རྒྱལ་ཐང་གྲོང་རྡལ་ཁྲིམས་འཛིན་ཁང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཁྲིམས་ཁང་བཅས་སུ་ཕེབས་ནས་ཆེད་དོན་བྱ་སྤྱོད་དང་། སྡེ་ཁུལ་ཡོ་བསྲང་། བཀོད་སྒྲིག་རོགས་རམ་སློབ་གསོ་བྱ་ཡུལ་གྱི་ཞབས་ཞུ་དོ་དམ། གཏུག་བཤེར་འབྱུང་ཁུངས་བཅོས་སྐྱོང་སོགས་ཀྱི་ལས་ཀའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་དུས་བདེ་འཛུགས་སྐྱོང་གི་གཙོ་གནད་ལས་དོན་ལ་སྐུལ་འདེད་བཏང་ཚུལ་གྱི་སྙན་ཞུ་གསན་པ། ས་གནས་ས་ཐོག་ཏུ་འབྲེལ་ཡོད་ལས་དོན་བཀོད་གཏོང་དང་ཐག་གཅོད་བྱེད་པ་རེད།

        ཚོགས་འདུའི་ཐོག་ཁུལ་ཡོངས་ཀྱི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་དང་ལོ་རྒྱུས་ཐོག་ལུས་པའི་མངོན་གསལ་དོད་པའི་ཉེན་ཁའི་འགལ་བ་གཅིག་སྡུད་འགག་སྒྲོལ་དང་དུས་བདེ་འཛུགས་སྐྱོང་གི་ལྟ་ཞིབ་དཔྱད་ཞིབ་སོགས་ཀྱི་ལས་དོན་བརྡ་ཁྱབ་བཏང་བ། ཁུལ་རིམ་པའི་འགན་འཁྲིའི་ཚན་པ་17དང་འཇོལ་རྫོང་དང་འབའ་ལུང་རྫོང་གི་ལས་དོན་སྐུལ་འདེད་བཏང་ཚུལ་ལ་ཡིག་ཐོག་ནས་བཀོད་གཏོང་བྱས་པ་དང་།  ལོ་སྨད་ཀྱི་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད།

        ཚོགས་འདུའི་ཐོག་རིམ་པ་ཁག་དང་སྡེ་ཚན་ཁག་གིས་བསམ་བློའི་ངོས་འཛིན་སྔར་བས་མཐོ་རུ་གཏོང་བ་དང་ལས་ཀའི་དམིགས་ཚད་གཏན་འཁེལ་བྱས་ཏེ་དཔྱད་ཞིབ་ཀྱི་“བཀོད་འདོམས་དབྱུག་པའི་”ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་རྣམ་གྲངས་ཅན་དང་གསལ་ཐོ་ཅན་གྱི་དཔྱད་ཞིབ་ཚད་གཞིར་བརྟེན་ནས་ཁོངས་གཏོགས་ས་ཆའི་འགན་འཁྲི་དང་ལས་རིགས་སྡེ་ཚན་གྱི་འགན་འཁྲི་ནན་དུ་གཏོང་བ་དང་ལས་ཀའི་ཕན་འབྲས་ཏན་ཏིག་ལ་བརྟེན་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75འཁོར་བར་ཕྱག་རྟགས་ཕུལ་ཏེ་ལོ་མཇུག་གི་ལས་འགན་ཚང་མ་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་རྒྱུར་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན་པ།

        ཁུལ་འགོ་ཁྲིད་པའོ་ཡུས་ཏུང་དང་ལིའུ་ཐན་མིན།དུས་བདེའི་བདེ་ཆེན་འཛུགས་སྐྲུན་གྱི་འགོ་ཁྲིད་ཚོ་ཆུང་གི་འབྲེལ་ཡོད་འགན་འཁུར་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས་པ།